| | e-texts navigator
|
217b1 ལའང་གནོད་པ་ཡོང་མི་བྱེད། ། དེ་བཞིན་མཁས་པ་ཟས་ལ་རན་པར་བྱེད།། དེས་ནི་དེ་དང་དེ་ལ་ཆོད་ཀྱང་རིག། གུས་པར་དུས་སུ་བརྙས་པ་མེད་པར་ནི།། སྔོན་གྱི་སྐྱེ་བར་སྦྱིན་པ་དག་ཀྱང་བྱིན།། ཟས་དང
217b2 སྐོམ་དང་དེ་བཞིན་གོས་རྣམས་དང་། ། སྤོས་དང་མེ་ཏོག་འཕྲེང་དང་བྱུག་པ་དང་།། བདུག་པ་ཕྱེ་མ་དེ་བཞིན་མལ་ཆ་དང་།། བཞོན་པ་དེ་བཞིན་གནས་དང་མར་མེ་དང་།། ནད་ཀྱི་གསོས་དང་སྨན་རྣམས་པ
217b3 མ་དང་། ། དགེ་སྦྱོང་བྲམ་ཟེ་རྣམས་ལ་སྔོན་བྱིན་ཏེ།། ལས་དགེ་བདེ་བ་སྐྱེད་པར་བྱེད་པ་འདི།། ཚེ་རབས་གཞན་དུ་སྟོན་པ་དེས་མཛད་དེ།། ལས་ཀྱི་རྣམ་པར་སྨིན་པ་དེ་ཡིས་ན།། སྟོན་པའི་སྐུ་ལ་མཚན
217b4 ནི་འདི་གཉིས་བྱུང་། ། ཅིའི་ཕྱིར་བྱང་ཆུབ་སེམས་དཔས་སྐྱེས་བུ་ཆེན་པོའི་མཚན་མངོམས་ཀྱི་སྔ་བ་སྦུབས་སུ་ནུབ་པ་ཐོབ་ཅེ་ན། སྨྲས་པ། བྱང་ཆུབ་སེམས་དཔས་ནི་སྔོན་གྱི་སྲིད་པ་རྗེ
217b5 བྱ་བ་ནས། རྒྱས་པར་སྦྱར་ཏེ། ཕ་མ་དང་། ཉེ་དུ་དང་། རྒན་རབས་དང་། བླ་མ་ལྟ་བུ་རྣམས་དང་། གཞན་དགེ་སྦྱོང་དང་། བྲམ་ཟེ་གནོད་པར་བྱ་བ་མ་ཡིན་པ་དང་། གནོད་པར་བྱ་བ་ལ་མི་དགའ་བ
217b6 གང་ཡིན་པ་དེ་དག་གྲོང་དང་ཞིང་གང་ནས་སྤྲུགས་པ་དང་། སྤང་བ་དེ་དག་ཕྱིར་ཆུད་པར་བྱ་བའི་ཕྱིར།། ཤིན་ཏུ་སྤྲོ་བ་དྲག་པོ་བྱས་པ་དང་། གཞན་ཡང་བྱང་ཆུབ་སེམས་དཔས་ནི་བྱ་བ་དང་། དོན་ལ་གསོལ་བ
217b7 བཏབ་པ་གང་ཡིན་པ་རྣམས་དང་། ཕོངས་པ་བྱུང་ངོ་ཅོག་ཏུ་དེ་དག་བསྒྲལ་བ་དང་། ཀུན་ཏུ་བསྒྲལ་བ་དང་། ཀུན་ཏུ་རབ་ཏུ་བསྒྲལ་བའི་ཕྱིར། ཤིན་ཏུ་སྤྲོ་བ་དྲག་པོ་བྱས་ཏེ། དེ་གུས་པར་བྱེད་པ་དང་།
iiif viewer powered by OpenSeadragon
217a - 218a