| | e-texts navigator
|
206b1 འདི་ནི་སྐྱེས་བུ་ཆེན་པོའི་སྐྱེས་བུ་ཆེན་པོའི་མཚན་ཡིན་ནོ།། དགེ་སློང་དག་སྐྱེས་བུ་ཆེན་པོའི་ལུས་མ་བཏུང་བ་སྟེ། ལུས་མ་བཏུད་པར་ལག་པས་པུས་མོ་སླེབས་ཤིང་ཀུན་ཏུ་སླེབས་པ་སྟེ། དགེ་སློང
206b2 དག་འདི་ནི་སྐྱེས་བུ་ཆེན་པོའི་སྐྱེས་བུ་ཆེན་པོའི་མཚན་ཡིན་ནོ། ། དགེ་སློང་དག་སྐྱེས་བུ་ཆེན་པོ་ནི་མདོམས་ཀྱི་སྦ་བ་སྦུབས་སུ་ནུབ་པ་སྟེ། དཔེར་ན་གླང་པོ་ཆེ་ཅང་ཤེས་སམ། རྟ་ཅང་ཤེས་སྐྱིད་དེ་བར
206b3 འདུག་པ་ལྟ་བུར་དེའི་མདོམས་ཀྱི་སྦ་བ་སྦུབས་སུ་ནུབ་སྟེ། དགེ་སློང་དག་འདི་ནི་སྐྱེས་བུ་ཆེན་པོའི་སྐྱེས་བུ་ཆེན་པོའི་མཚན་ཡིན་ནོ།། དགེ་སློང་དག་སྐྱེས་བུ་ཆེན་པོ་ནི་ཤིང་ནྱ་གྲོ་དྷ་ལྟར་ཆུ་ཞེང་གབ་པ་སྟེ།
206b4 ལུས་ཇི་ཙམ་པ་འདོམ་གྱི་ཚད་ཀྱང་དེ་ཙམ་ལ། འདོམ་གྱི་ཚད་ཇི་ཙམ་པ་ལུས་ཀྱི་ཚད་ཀྱང་དེ་ཙམ་སྟེ། དགེ་སློང་དག་འདི་ནི་སྐྱེས་བུ་ཆེན་པོའི་མཚན་ཡིན་ནོ།། དགེ་སློང་དག་སྐྱེས་བུ་ཆེན་པོའི་ལུས
206b5 ཀྱི་སྤུ་གྱེན་དུ་ཕྱོགས་པ་དང་། དགེ་སློང་སྐྱེས་བུ་ཆེན་པོ་ནི་སྤུ་རེ་རེ་ནས་སྐྱེ་བ་སྟེ། ལུས་ཀྱི་སྤུ་རྣམས་རེ་རེ་ནས་སྐྱེས་ཞིང་འཇམ་ལ་རེག་ན་བདེ་བ་དང་། མཐོན་མཐིང་དུ་འདུག་པ་དང་། འཁྱིལ་བ
206b6 དང་། གཡས་སུ་འཁྱིལ་བ་སྟེ། དགེ་སློང་དག་འདི་ནི་སྐྱེས་བུ་ཆེན་པོའི་སྐྱེས་བུ་ཆེན་པོའི་མཚན་ཡིན་ནོ།། དགེ་སློང་དག་སྐྱེས་བུ་ཆེན་པོ་ནི་ལུས་ཀྱི་བགས་པ་གསེར་འདྲ་བས་ན་གསེར་གྱི་མདོག་ཅན
206b7 ཡིན་ཏེ། དགེ་སློང་དག་འདི་ནི་སྐྱེས་བུ་ཆེན་པོའི་སྐྱེས་བུ་ཆེན་པོའི་མཚན་ཡིན་ནོ།། དགེ་སློང་དག་སྐྱེས་བུ་ཆེན་པོ་ནི་འོད་འདོམ་གང་དང་ལྡན་ཏེ། དགེ་སློང་དག་འདི་ནི་སྐྱེས་བུ་ཆེན་པོའི་མཚན་ཡིན་ན།
iiif viewer powered by OpenSeadragon
206a - 207a