| | e-texts navigator
|
190b1 གང་ཚེ་བྲམ་ཟེ་བརྩོན་པས་སེམས་པ་ན།། ཇི་ལྟར་མཁའ་ལ་ཉི་མ་ཤར་བ་ལྟར།། འཇིག་རྟེན་ཐམས་ཅད་སྣང་བྱེད་འདུག་འགྱུར་བ།། ཆོས་འདི་རྣམས་ལ་རབ་ཏུ་འབྱུང་བར་འགྱུར།། གང་ཚེ་བྲམ་ཟེ་བརྩོན
190b2 པས་སེམས་པ་ན། ། བློ་ཡིས་ཀུན་སྦྱོར་རྣམས་ལས་རབ་གྲོལ་ཏེ།། བདུད་སྡེ་རྣམ་པར་བསལ་ནས་འདུག་འགྱུར་བ།། ཆོས་འདི་རྣམས་ལས་རབ་ཏུ་འབྱུང་བར་འགྱུར།། བྲམ་ཟེའི་ཆོམས་ཏེ་སུམ་ཅུརྩ
190b3 གསུམ་པའོ། ། །། སྡོམ་ཡ། དེ་བཞིན་གཤེགས་དང་ཐོས་དང་བདག། བསྒྲེ་དང་མཛའ་བཤེས་ལྔ་པའོ།། མྱ་ངན་འདས་དང་མཐོང་བ་དང་།། སྡིག་དང་ཕྲུགས་དང་བདེན་པ་དང་།། སེམས
190b4 དང་དགེ་སློང་ཆོམས་དག་དང་། ། བྲམ་ཟེ་ཡང་ནི་ཕ་མ་ཡིན།། ཆེད་དུ་བརྗོད་པའི་ཚོམས་དགྲ་བཅོམ་པ་ཆོས་སྐྱོབ་ཀྱིས་བསྡུས་པ་རྫོགས་སོ།། །། རྒྱ་གར་གྱི་མཁན་པོ་བི་དྱཱ་ཀར
190b5 པྲ་བྷ་དང་། ། ལོ་ཙ་བ་བནྡེ་རིན་ཆེན་མཆོག་གིས་བསྐུར། ཞུ་ཆེན་གྱི་ལོ་ཙ་བ་བནྡེ་དཔལ་བརྩེགས་ཀྱིས་ཞུས་ནས་གཏན་ལ་ཕབ་པ།། ། རྒྱུ
190b6 གར་སྐད་དུ། ཀོ་། ཥ་ལོ་ཀཾ་པྲཛྙཱ་བ་ཏི་ཀཱཀ་ན་ཙ་ཀྵེ་བ། བོད་སྐད་དུ། མཛོད་དང་འཇིག་རྟེན་བརྗོད་པའི་མདོ་བས་པོ་གཅིག་གོ།། ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།། འཇིག་རྟེན་གྱི་གཞི་རྗེ
190b7 ལྟ་བུར་གནས། སེམས་ཅན་གྱི་འཇིག་རྟེན་ནི་ཇི་ལྟ་བུར་སྐྱེ་ཞིང་འཁོར། ལུས་དང་དེའི་ཚད་ནི་ཇི་ཙམ། འཁོར་བའི་རྒྱུད་ནི་གང་ཡིན། མྱ་ངན་ལས་འདས་པ་ནི་ཇི་ལྟ་བུ། གང་གིས་ན་འཁོར། ཐར་པའི
iiif viewer powered by OpenSeadragon
190a - 191a