| | e-texts navigator
|
189a1 བྱེད་པར། ། འདུག་ནས་རྡུལ་བྲལ་སེམས་པདེ།། བྲམ་ཟེ་ཡིན་པར་ངས་གསུངས་སོ།། གང་ཞིག་ཕྱག་དར་ཁྲོད་འཆང་ཞིང་།། ངོ་ཚ་ཤེས་ཤིང་འདོད་མི་ལྟ།། ཤིང་དྲུང་དག་ཏུ་གནས་པ་དེ།།
189a2 བྲམ་ཟེ་ཡིན་པར་ངས་གསུངས་སོ།། གང་ཞིག་སྡུག་བསྔལ་ཀུན་སྤང་ཕྱིར།། ཞི་བ་འཕགས་ལམ་ཡན་ལག་བརྒྱད།། དྲང་པོ་སྒོམ་པར་བྱེད་པ་དེ།། བྲམ་ཟེ་ཡིན་པར་ངས་གསུངས་སོ།། གང་ལ་ཅུང་ཟད་གནས
189a3 མེད་ཅིང་། ། འདུ་ཤེས་ཡིད་གཉིས་ཟུག་རྔུ་མེད།། འཆི་མེད་གོ་འཕང་ཐོབ་པ་དེ།། བྲམ་ཟེ་ཡིན་པར་ངས་གསུངས་སོ།། གང་ཞིག་ལུས་མེད་ཕུག་ན་གནས།། གཅིག་པུ་རྒྱུ་ཞིང་རིང་དུ་འགྲོ།། གདུལ་བར་དཀའ་བའི
189a4 སེམས་དུལ་དེ། ། བྲམ་ཟེ་ཡིན་པར་ངས་གསུངས་སོ།། གང་ཞིག་གཟུགས་མེད་བལྟར་མེད་མཐའ་ཡས་ལ།། ཤིན་ཏུ་བལྟར་མེད་ཕྲ་ཞིང་གཞི་མངོན་རྟོགས།། རྟག་དྲན་ཀུན་སྦྱོར་ཟད་རྒྱུ་སངས་རྒྱས་པ།། འཇིག
189a5 རྟེན་འདི་ན་དེ་ནི་བྲམ་ཟེ་ཡིན། ། གང་གིས་སོགས་མིག་འཆིང་གཏུབས་ཏེ།། ཆིངས་མ་རྒྱང་ཟག་བཅད་ནས་སུ།། ཡོངས་སུ་གདུང་སྤངས་སངས་རྒྱས་དེ།། བྲམ་ཟེ་ཡིན་པར་ངས་གསུངས་སོ།། གང་གིས་རྙེད
189a6 འདོད་སྡིག་ཅན་དང་། ། སོགས་མིག་ཆིངས་མ་གཏུབས་གྱུར་ཅིང་།། སྲེད་པ་རྩར་བཅད་དྲུངས་ཕྱུང་དེ།། བྲམ་ཟེ་ཡིན་པར་ངས་གསུངས་སོ།། བརྩོན་པས་ཆུ་བོའི་རྒྱུན་བཅད་ཅིང་།། འདོད་པ་ཐམས་ཅད་རབ་བཅོམ
189a7 དང་། ། འདུ་བྱེད་རྣམས་ཀྱི་མད་ཤེས་པ།། སྡིག་མེད་གང་ཡིན་བྲམ་ཟེ་ཡིན།། པདང་མ་ནི་བས་དབྱས་ཤིང་།། རྒྱལ་པོ་གཙང་ས་ཅན་གཉིས་དང་།། ཡུལ་འཁོར་འཁོར་དང་བཅས་བཅོམ་པ།། སྡིག་མེད
iiif viewer powered by OpenSeadragon
188b - 189b