| | e-texts navigator
|
173a1 སྟོང་དང་མཚན་མ་མེད་པ་དང་།། རྟག་ཏུ་བསམ་གཏན་སྤྱོད་ཡུལ་ཅན།། དེ་དག་རྗེས་ནི་རྟོགས་དཀའ་སྟེ།། ནམ་མཁའ་ལ་ནི་བྱི་རྗེས་བཞིན།། སྐྱེ་དགུ་ཕལ་པ་འདི་དག་ནི།། བ་མཐའ་ཉིད་དུ་རྒྱུག
173a2 བྱེད་པས། ། གང་དག་ཕ་རོལ་འགྲོ་བྱེད་པས།། མི་ཡི་སྐྱེ་བོ་དེ་དག་ཉུང་།། གང་དག་ལེགས་པར་གསུངས་པ་ཡི།། ཆོས་ལ་ཆོས་ཀྱི་རྗེས་སུ་ལྟ།། སྐྱེ་བོ་དེ་དག་སྐྱེ་ཤི་ཡི།། མཚོ་ཆེན་རྒལ་དཀའི་ཕ་རོལ་འགྲོ།། སྐྱོབ་པ
173a3 རབ་ཏུ་རྣམ་གྲོལ་ཞིང་། ། དུས་འདས་མྱ་ངན་བྲལ་བ་དང་།། མདུད་པ་ཐམས་ཅད་སྤངས་པ་ལ།། ཡོངས་སུ་གདུང་བ་ཡོད་མི་འགྱུར།། འཇིགས་དང་བཅས་པའི་ལམ་རྒྱལ་ཅིང་།། ག་ལངས་ཡོངས་སུ་སྤངས་པ
173a4 དང་། ། སྦྱོར་དང་མདུད་པ་ལས་གྲོལ་བས།། འདོད་ཆགས་ཀྱི་ནི་དུག་ཀུན་བཅོམ།། འདོད་པ་ལྟ་བུའི་འདམ་རྫབ་མེད།། ཞེ་སྡང་ལྟ་བུའི་གདོན་མེད་དོ།། གཏི་མུག་ལྟ་བུའི་རྒྱ་མེད་དོ།། སྲེད་པ་ལྟ་བུའི་ཆུ་ཀླུང་མེད།།
173a5 ནམ་མཁའ་ལ་ནི་རྗེས་ལྟ་བུར།། ཕྱི་རོལ་པ་ལ་དགེ་སྦྱོང་མེད།། བྱིས་པ་སྤྲོས་ལ་མངོན་པར་དགའ།། དེ་བཞིན་གཤེགས་ལ་སྤྲོས་མི་མངའ།། སྦྱོར་བས་བྱིས་པ་ཁྲིད་པའི་ཕྱིར།། མཁས་པ་སྦྱོར་བ་འཇོམས
173a6 པར་བྱེད། ། མཁས་པ་ལྷ་དང་མི་དག་གི། སྦྱོར་བ་ཀུན་དང་བྲལ་བའི་ཕྱིར།། སྡུག་བསྔལ་ཀུན་ལས་གྲོལ་བར་འགྱུར།། འབྱོར་པ་ལས་ནི་སྲིད་པ་འབྱུང་།། སྦྱོར་བ་མེད་པས་སྲིད་མེད་པའི།། ལམ་འདི་གཉིས་ནི
173a7 ཤེས་གྱིས་ལ། ། སྦྱོར་བས་རབ་ཏུ་འདའ་བྱའི་ཕྱིར།། མཁས་པས་དེ་ལ་བསླབ་པར་གྱིས།། ཉེས་པར་སྤྱད་པ་བྱས་པས་གདུང་འགྱུར་ཞིང་།། ངན་འགྲོར་སོང་བའི་འོག་ཏུའང་གདུང་བར་འགྱུར།། ལེགས་པར་སྔ
iiif viewer powered by OpenSeadragon
172b - 173b