e-texts navigator
Collection
Volume
Page
Wylie

168b1 སྐྱེ་བ་སྒྲིབས་ནས། ། འདུ་བྱེད་སྡུག་བསྔལ་མ་མཐོང་བ།། དེ་ཕྱིར་འདི་ན་འདྲ་མཐོང་སྟེ།། དེ་མེད་འདྲ་བ་མི་མཐོང་ངོ་།། མཐོང་བའི་ཆོམས་ཏེ་ཉི་ཤུ་རྩ་བདུན་པའོ།། ། སྡིག་པ་ཐམས་ཅད་མི
168b2 བྱ་སྟེ། ། དགེ་བ་ཕུན་སུམ་ཚོགས་པར་བྱ།། རང་གི་སེམས་ནི་ཡོངས་སུ་འདུལ།། འདི་ནི་སངས་རྒྱས་བསྟན་པ་ཡིན།། སྦྱིན་པས་བསོད་ནམས་རབ་ཏུ་འཕེལ།། ལེགས་བསྡམས་དགྲ་བསོགས་མི
168b3 འགྱུར་རོ། ། དགེ་དང་ལྡན་པས་སྡིག་པ་སྤོང་།། ཉོན་མོངས་ཟད་པས་མྱ་ངན་འདའ།། མཁས་དང་འདྲེ་དང་བྱིས་པའི་སྐྱེ་བོ་དང་།། ལྷན་ཅིག་སྤྲང་དང་གཅིག་པུ་གནས་ཀྱང་རུང་།། ངང་པས་ཆུ་ལས་འོ་མ
168b4 འཐུང་བ་ལྟར། ། མཁས་པ་སྡིག་པ་ཅན་རྣམས་རབ་ཏུ་སྤང་།། འཇིག་རྟེན་ཉེས་དམིགས་མཐོང་བ་དང་།། འགོག་པར་འགྱུར་བའི་ཆོས་མཐོང་བས།། འཕགས་པ་སྡིག་ལ་དགའ་མི་བྱེད།། སྡིག་ཅན་དགེ་ལ
168b5 དགའ་མི་འགྱུར། ། ལེགས་པར་ཉེར་ཞིའི་རོ་དང་ནི།། རབ་ཏུ་དབེན་པའི་རོ་ཤེས་པ།། རིམས་ནད་མེད་ཅིང་སྡིག་མེད་ལ།། ཆོས་ལ་དགའ་བའི་རོ་ངག་འཐུང་།། སེམས་ཀྱིས་ཟག་པ་མེད་པ་དང་།། སེམས
168b6 ནི་འཆིང་བས་མ་བཅོམ་ལ། ། དགེ་དང་སྡིག་པ་རབ་སྤངས་པ།། ངན་འགྲོ་རྣམས་ཀྱི་འཇིགས་པ་དང་།། གནས་མིན་ཟློག་དང་ལེགས་སྨྲ་དང་།། ཉེས་དམིགས་སྟོན་པར་བྱེད་པ་དང་།། མཁས་པ་ཚར
168b7 བཅད་སྨྲ་བྱེད་པ། ། དེ་ལྟའི་སྐྱེ་དགུ་བསྟེན་པར་བྱ།། དེ་ལྟ་བུ་དག་བསྟེན་བྱས་ན།། སྡིག་པར་མི་འགྱུར་ལེགས་པར་འགྱུར།། ཉེ་བར་ནི་ཞིང་རབ་ཞི་ལ།། དལ་བུས་སྨྲ་ཞིང་ཁེངས་མེད་པ།། སྡིག་པའི




iiif viewer powered by OpenSeadragon

168a - 169a

Texts on this page

S314 - ched du brjod pa'i tshoms