| | e-texts navigator
|
166b1 ཆོས་ནི་རབ་ཏུ་འཕེལ།། སྤྱི་རྡོལ་བྱེད་ཅིང་འཕྲོག་རློམ་ཅན།། མི་གཙང་ལས་ལྡན་ཁཱ་ལྟ་བུར།། ཤིན་ཏུ་ཉོན་མོངས་འཚོ་བ་ཅན།། ངོ་ཚ་མེད་པའི་འཚོ་བ་སླ།། རྟག་ཏུ་གཙང་མ་འཚོ་བ་དང་།། ཐུབ་ཆོད་མི་བྱེད་འཛེམ
166b2 བག་ཅན། ། འཚེ་བ་དག་ལ་ལྟ་བ་ཡི།། ངོ་ཚ་ཤེས་པའི་འཚེ་བ་དཀའ།། འཇིག་རྟེན་མུན་པར་འགྱུར་འདི་སྟེ།། དེ་ལས་ལྷག་མཐོང་ལྡན་པ་ཉུང་།། རྒྱ་ལས་ཤོར་བའི་བྱ་ལྟ་བུར།། མཐོ་རིས་ལ་དགའ་ཤས་ཙམ
166b3 ཞིག། བྱིས་པ་ལུས་ཀྱིས་བཅིངས་གྱུར་པ།། མུན་པའི་འཁོར་གྱིས་བསྐོར་བ་ཡིན།། འཇིག་རྟེན་ནོར་ལ་ཆགས་པ་དང་།། གཞན་རྫས་ལྟ་བུར་ལྟ་བར་བྱེད།། བདག་གིས་སྐྱེ་དགུ་འདི་འབྱུང་ཞིང་།། གཞན་གྱིས་བྱས་སོ།
166b4 སྙམ་སེམས་པ།། བདེན་པ་མིན་ལ་བདེན་ལྟ་བས།། ཅི་ཡང་མཐོང་བར་མི་འགྱུར་རོ།། དེ་ནི་འགགས་ཀྱང་མི་མཐོང་ཞིང་།། ཟུག་རྔུ་མཐོང་བར་མི་འགྱུར་རོ།། ཡུལ་སྲེད་གང་ལ་སྐྱེ་བོ་ཆགས་པ་ཡི།། ཟུག་རྔུ་དེ་དག
166b5 སྔོན་ཆད་མཐོང་བ་དག། དེ་ནི་བདག་གིས་བྱས་སྙམ་མི་འཛིན་ཅིང་།། དེ་ནི་གཞན་གྱིས་བྱས་སྙམ་མི་འཛིན་ཏོ།། སྐྱེ་དགུ་འདི་དག་ང་རྒྱལ་ལྡན།། ང་རྒྱལ་ལ་ཆགས་ང་རྒྱལ་བཅིངས།། རྩོད་པར་གྱུར་པའི་ལྟ་བ་ཅན།།
166b6 འཁོར་བ་ལོག་པར་མི་འགྱུར་རོ།། ཐོབ་པར་གྱུར་པ་གང་ཡིན་དང་།། ཐོབ་པར་བྱ་བ་གང་ཡིན་པ།། དེ་དག་གཉིས་ཀ་རྡུལ་གྱིས་ཡོག། རྗེས་སུ་ནད་པ་སློབ་པར་བྱེད།། གང་ཞིག་ཚུལ་ཁྲིམས་དང་། བསླབ་པ་དང་།།
166b7 བརྟུལ་ཞུགས་དང་། ཚངས་པར་སྤྱོད་པ་དང་། དཀའ་ཐུབ་དང་། ཉེ་བར་གནས་པ་སྙིང་པོར་བྱེད་པ་འདི་ནི་མཐའ་གཅིག་གོ།། གང་ཞིག་དེ་ལྟར་ལྟ་ཞིང་འདི་སྐད་ཅེས་འདོད་པ་ནི་གཙང་བའོ།། འདོད་པ་ནི་བསོད་ནམས
iiif viewer powered by OpenSeadragon
166a - 167a