e-texts navigator
Collection
Volume
Page
Wylie

158b1 ཟིལ་ནོན་མྱ་ངན་གྱིས། ། གདུངས་པ་རྣམས་ལ་ཀུན་ཏུ་སྤྱན་གཟིགས་ནས།། འཆི་བ་མེད་པའི་སྒོ་མོ་འབྱེད་མཛད་ཀྱིས།། གང་དག་ཉན་ཐོས་ཐེ་ཙོམ་བསལ་བར་གྱིས།། དེ་བཞིན་གཤེགས་པའི་ཚེམས་ཏེ
158b2 ཉི་ཤུ་གཅིག་པའོ། ། ། ལེགས་པར་ཐོས་དང་ལེགས་སྤྱོད་དང་།། ཁྱིམ་ནས་ལེགས་པར་བྱུང་བ་དང་།། སྤོང་བར་བྱེད་པས་རབ་བསྐོར་ཅིང་།། དགེ་སྦྱོང་གི་ནི་རྗེས་འཐུན་ལེགས།
158b3 བྱིས་པ་མི་མཁས་པ་དག་ནི།། འཆི་བ་མེད་པ་ལྟ་བུར་སྤྱོད།། མཁས་པ་དམ་པའི་ཆོས་དག་ལ།། མཚན་མོ་ནད་པ་བཞིན་དུ་བྱེད།། ཇི་ལྟར་ཁྱིམ་ནི་ལེགས་གཡོགས་པ།། མུན་པས་ཁེབས་པའི་ནང
158b4 ཞུགས་ན། ། གཟུགས་རྣམས་ཡོད་པར་གྱུར་ཀྱང་ནི།། མིག་ལྡན་བཞིན་དུ་མི་མཐོང་བ།། དེ་བཞིན་འདི་ན་རིགས་སྐྱེས་པའི།། མི་ནི་བློ་གྲོས་ལྡན་གྱུར་ཀྱང་།། སྡིག་པ་དང་ནི་དགེ་བའི་ཆོས།། མ་ཐོས་པར
158b5 དུ་ཤེས་མི་འགྱུར། ། མིག་ལྡན་མར་མེ་ཡོད་པ་ཡིས།། གཟུགས་རྣམས་མཐོང་བ་ཇི་ལྟ་བར།། དེ་བཞིན་དགེ་དང་སྡིག་པའི་ཆོས།། ཐོས་པས་རྣམ་པར་ཤེས་པར་འགྱུར།། ཐོས་པས་ཆོས་རྣམས
158b6 རྣམ་པར་ཤེས། ། ཐོས་པས་སྡིག་ལས་ལྡོག་པར་འགྱུར།། ཐོས་པས་དོན་མེད་སྤོང་བར་བྱེད།། ཐོས་པས་མྱ་ངན་འདས་པ་འཐོབ།། གལ་ཏེ་ཐོས་པ་མང་གྱུར་ནས།། ཚུལ་ཁྲིམས་ལེགས་པར་མི་སྡོམ་ན།།
158b7 དེནི་ཚུལ་ཁྲིམས་ཕྱིར་སྨད་ཅིང་།། དེ་ཡིས་ཟོས་པ་ཕུན་སུམ་མིན།། གལ་ཏེ་ཐོས་པ་ཉུང་གྱུར་ཀྱང་།། ཚུལ་ཁྲིམས་ལེགས་པར་སྡོམ་བྱེད་ན།། དེ་ནི་ཚུལ་ཁྲིམས་ཕྱིར་བསྡམས་ཤིང་།། དེ་ཡི་ཟོས་པ་ཕུན་སུམ




iiif viewer powered by OpenSeadragon

158a - 159a

Texts on this page

S314 - ched du brjod pa'i tshoms