e-texts navigator
Collection
Volume
Page
Wylie

155b1 བར་མཛད། ། འདུལ་སྦྱོར་བྱེད་པས་ལེགས་བཏུལ་རྟ་ལྟ་བུར།། གང་ཞིག་དབང་པོ་ལེགས་པར་བསྡམས་པ་ཡིས།། ཁྲོ་བ་སྤོང་ཞིང་ཟག་པ་ཟད་བྱེད་པ།། ཐུབ་དེ་རྣམས་ཀྱིས་ལྷ་ཡི་བར་དུ་མྱོང་།
155b2 བག་ཡོད་པ་ཡིས་བག་མེད་དང་།། མི་ཉལ་མང་པོས་གཉིད་ལོག་དང་།། རྟ་བཟང་གིས་ནི་རྟ་རྒོད་ལྟར།། ཤིན་ཏུ་མཁས་པས་སྤངས་ནས་འགྲོ།། རྟ་བཟང་ལ་ནི་ལྕག་བཞིན་དུ།། གང་ཞིག་ངོཆ
155b3 ཤེས་སྟེན་ཅིང་། ། ཤེས་རབ་ལེགས་པར་མཉམ་གཞག་པ།། དེས་ནི་སྡིག་པ་སེལ་བར་བྱེད།། དུལ་པ་འདུན་སར་འགྲོ་བྱེད་ཅིང་།། དུལ་བརྒྱ་པོ་ལྷག་པར་ཞོན།། གང་ཞིག་ཚིག་ངན་བཟོད་བྱེད་དང་།
155b4 དུལ་བ་མི་ཡི་ནང་ན་མཆོག། གླང་པོའི་ནང་ན་གླང་ཆེན་དང་།། སིནྡྷུའི་ཅང་ཤེས་རྟ་དང་ནི།། དྲེའུ་འདུལ་བྱེད་པ་གང་ཡིན་པ།། དེ་བས་བདག་ཉིད་འདུལ་བ་མཆོག། བདག་ཉིད་ལེགས་འདུལ་གང་ཡིན་པའི།།
155b5 མཁས་དེས་ཞི་བ་ཐོབ་འགྱུར་གྱི།། བཞོན་པ་དེ་དག་རྣམས་ཀྱིས་ནི།། ས་དེ་མངོན་པར་འཐོབ་མི་སྲིད།། གླང་པོའི་ནང་ན་གླང་ཆེན་དང་།། སིན་དུའི་ཅང་ཤེས་རྟ་དང་ནི།། དྲེའུ་འདུལ་བྱེད་པ་གང་ཡིན་པ།། དེ་བ
155b6 བདག་ཉིད་འདུལ་བ་མཆོག། བདག་ཉིད་ལེགས་འདུལ་དྲན་ལྡན་གང་།། དེས་ནི་སྡུག་བསྔལ་མཐར་ཕྱིན་གྱིས།། བཞོན་པ་དེ་དག་རྣམས་ཀྱིས་ནི།། ས་དེ་མངོན་པར་འཐོབ་མི་སྲིད།། གླང་པོའི་ནང་ན་གླང་ཆེན་དང
155b7 སིན་དུའི་ཅང་ཤེས་རྟ་དང་ནི། ། དྲེའུ་འདུལ་བྱེད་པ་གང་ཡིན་པ།། དེ་བས་བདག་ཉིད་འདུལ་བ་མཆོག། བདག་ཉིད་ལེགས་འདུལ་དྲན་ལྡན་གང་།། དེས་ནི་འགྲོ་རྣམས་སྤོང་འགྱུར་གྱི།། བཞོན་པ་དེ་དག་རྣམས




iiif viewer powered by OpenSeadragon

155a - 156a

Texts on this page

S314 - ched du brjod pa'i tshoms