e-texts navigator
Collection
Volume
Page
Wylie

154b1 མེ་ཏོག་བཞིན་དུ་རབ་བསགས་པ།། ལོངས་སྤྱོད་སྐྱེ་བར་མི་འགྱུར་ཞིང་།། འཆི་བདག་གིས་ནི་དབང་དུ་བྱེད།། མི་ལི་ཡིད་ལ་རྣམ་ཆགས་དག། མེ་ཏོག་བཞིན་དུ་རབ་བསགས་པ།། བྱ་བ་མཐར་ནི་མ་བྱིན
154b2 པར། ། འཆི་བདག་གིས་ནི་དབང་དུ་བྱེད།། ལུས་འདི་བུམ་པ་འདྲ་བར་རྟོགས་བྱས་ཤིང་།། དེ་བཞིན་ཆོས་རྣམས་སྨིག་རྒྱུ་འདྲར་ཤེས་ནས།། བདུད་ཀྱི་མེ་ཏོག་མཆོག་ནི་འདིར་གཅོད་པ།། འཆི་བདག་རྒྱལ་པོ
154b3 བལྟར་ཡང་མེད་པར་འགྲོ། ། འཇིག་རྟེན་འདི་དག་བུམ་པ་འདྲར་རྟོགས་ཤིང་།། དེ་བཞིན་ཆོས་རྣམས་སྨིག་རྒྱུ་འདྲར་ཤེས་ནས།། བདུད་ཀྱི་མེ་ཏོག་མཆོག་ནི་འདིར་གཅོད་པ།། འཆི་བདག་རྒྱལ་པོས་བལྟར
154b4 ཡང་མེད་པར་འགྲོ། ། ལུས་འདི་དབུ་བ་འདྲ་བར་རྟོགས་བྱས་ཤིང་།། དེ་བཞིན་ཆོས་རྣམས་སྨིག་རྒྱུ་འདྲར་ཤེས་ནས།། བདུད་ཀྱི་མེ་ཏོག་མཆོག་ནི་འདིར་གཅོད་པ།། འཆི་བདག་རྒྱལ་པོས་བལྟར་ཡང་མེད་པར
154b5 འགྲོ། ། འཇིག་རྟེན་འདི་དགང་བུ་པ་འདྲར་རྟོགས་ཤིང་།། དེ་བཞིན་ཆོས་རྣམས་སྨིག་རྒྱུ་འདྲར་ཤེས་ནས།། བདུད་ཀྱི་མེ་ཏོག་མཆོག་ནི་འདིར་གཅོད་པ།། འཆི་བདག་རྒྱལ་པོས་བལྟར་ཡང་མེད་པར་འགྲོ།། སྲིད
154b6 པ་ཨུ་དུམ་ཝ་རའི་མེ་ཏོག་ལྟར། ། སྙིང་པོ་མེད་པར་སེམས་པའི་དགེ་སློང་གང་།། དེ་ནི་ཕ་རོལ་མིན་པའི་ཕ་རོལ་པོ།། སྤོང་སྟེ་སྦྲུལ་རྒས་ལྤགས་རྙིང་བརྗེ་བ་བཞིན།། ཆུ་སྐྱེས་རྩ་བའི་མེ་ཏོག་ཆུ་གནས་ལྷའི།།
154b7 འདོད་ཆགས་མ་ལུས་གཅོད་བྱེད་དགེ་སློང་གང་།། དེ་ནི་ཕ་རོལ་མིན་པའི་ཕ་རོལ་པོ།། སྤོང་སྟེ་སྦྲུལ་རྒས་ལྤགས་རྙིང་བརྗེ་བ་བཞིན།། ཆུ་སྐྱེས་རྩ་བའི་མེ་ཏོག་ཆུ་གནས་ལྷའི།། ཞེ་སྡང་མ་ལུས་གཅོད་བྱེད་དགེ་སློང




iiif viewer powered by OpenSeadragon

154a - 155a

Texts on this page

S314 - ched du brjod pa'i tshoms