e-texts navigator
Collection
Volume
Page
Wylie

151b1 རྣམས་སུ། ། བསྒོམ་པ་ལ་ནི་ཡིད་དགའ་བ།། གོའུ་ཏ་མ་ཡི་ཉན་ཐོས་དེ།། ལེགས་པར་སད་པས་སད་པར་འགྱུར།། གང་ཞིག་ཉིན་དང་མཚན་རྣམས་སུ།། སྟོང་པ་ཉིད་ལ་ཡིད་དགའ་བ།། གོའུ་ཏམ
151b2 ཡི་ཉན་ཐོས་དེ། ། ལེགས་པར་སད་པས་སད་པར་འགྱུར།། གང་ཞིག་ཉིན་དང་མཚན་རྣམས་སུ།། མཚན་མ་མེད་ལ་ཡིད་དགའ་བ།། གོའུ་ཏ་མ་ཡི་ཉན་ཐོས་དེ།། ལེགས་པར་སད་པས་སད་པར་འགྱུར།། གང
151b3 ཞིག་ཉིན་དང་མཚན་རྣམས་སུ། ། དབེན་པ་ལ་ནི་ཡིད་དགའ་བ།། གོའུ་ཏ་མ་ཡི་ཉན་ཐོས་དེ།། ལེགས་པར་སད་པས་སད་པར་འགྱུར།། གང་ཞིག་ཉིན་དང་མཚན་རྣམས་སུ།། ངེས་པར་འབྱུང་ལ་ཡིད་དགའ
151b4 བ། ། གོའུ་ཏ་མ་ཡི་ཉན་ཐོས་དེ།། ལེགས་པར་སད་པས་སད་པར་འགྱུར།། གང་ཞིག་ཉིན་དང་མཚན་རྣམས་སུ།། ཅི་ཡང་མེད་ལ་ཡིད་དགའ་བ།། གོའུ་ཏ་མ་ཡི་ཉན་ཐོས་དེ།། ལེགས་པར་སད་པས་སད་པར
151b5 འགྱུར། ། གང་ཞིག་ཉིན་དང་མཚན་རྣམས་སུ།། མྱ་ངན་འདས་ལ་ཡིད་དགའ་བ།། གོའུ་ཏ་མ་ཡི་ཉན་ཐོས་དེ།། ལེགས་པར་སད་པས་སད་པར་འགྱུར།། དྲན་པའི་ཚེམས་ཏེ་བཅོ་ལྔ་པའོ།། །
151b6 ། བདག་གི་བྱ་བ་བྱ་བའི་དུས་གཡོ་བས།། དང་པོ་ཁོ་ནར་བྱ་བའི་མེལ་ཚེ་གྱིས།། བདག་གིས་དང་པོར་དེ་ལྟར་བྱས་ན་ནི།། བྱ་བ་བྱ་བའི་དུས་ལྟར་ཟད་འདོད་ཅིང་།། ཇི་ལྟར་འདོད་པ་དེ་བཞིན་འབྱོར་འགྱུར
151b7 བས། ། དེ་ཡི་རང་བཞིན་ང་ཡིས་མཐོང་བས་ན།། ཇི་སྲིད་དོན་ནི་ཕུན་སུམ་ཚོགས་འགྱུར་བ།། དེ་སྲིད་བར་དུ་མི་ཡིས་བསྒྲིམ་པར་གྱིས།། བསྒྲིམ་ཞིང་བརྩོན་པར་བྱ་བ་ཡིས།། བདག་ཉིད་གླིང་དུ་འགྱུར་བར




iiif viewer powered by OpenSeadragon

151a - 152a

Texts on this page

S314 - ched du brjod pa'i tshoms