e-texts navigator
Collection
Volume
Page
Wylie

143b1 ཕ་རོལ་དུ། ། སོང་ནས་དམན་པའི་ཆོས་དང་ལྡན་པར་འགྱུར།། སྐྱེས་བུ་སྐྱེས་པའི་ཁ་ནས་ནི།། ཚིག་དག་སྨྲ་བར་བྱེད་པ་ཡི།། ཚིག་གི་སྟ་རེ་སྐྱེས་གྱུར་ནས།། བདག་ཉིད་གཅོད་པར་བྱེད་པར་འགྱུར།། གང
143b2 ཞིག་སྨད་འོས་སྐྱེ་བོ་སྟོང་བྱེད་དང་། ། བསྟོད་འོས་སྐྱེ་བོ་རྣམ་པར་སྤོད་བྱེད་པ།། དེ་ནི་ཁ་ཡིས་འཐབ་ཀྲོལ་ཀུན་སོགས་ཤིང་།། འཐབ་ཀྲོལ་ཅན་གང་དེས་ནི་བདེ་མི་འཐོབ།། གང་འདིར་ཚེ་ལོས་རང་ནོར་ཕམ་བྱེད
143b3 པ། ། འཐབ་ཀྲོལ་དེ་ནི་ཅུང་ཟད་ཙམ་དུ་ཟད།། གང་ཞིག་བདེ་བར་གཤེགས་པ་ཡིད་འཁྲུག་པ།། དེ་འདིར་འཐབ་ཀྲོལ་ཤིན་ཏུ་ཆེན་པོ་ཡིན།། ངག་ཡིད་འཕགས་པས་སྨད་པའི་སྡིག་བརྟེན་ན།། བྱེ་བར་ཆུ་བུར
143b4 ཅན་དང་སྟོང་ཕྲག་ནི། ། བཞི་བཅུ་གཅིག་ཏུ་ཆུ་བུར་རྡོལ་བ་ཡི།། སེམས་ཅན་དམྱལ་བ་རྣམས་སུ་འགྲོ་བར་འགྱུར།། སྡིག་པའི་སེམས་ཀྱིས་མ་ཉེས་སྐྱོན་བརྗོད་པ།། བདག་ཉིད་གསད་ཕྱིར་དམྱལ་བ་སྤེལ་བར་ཟད།།
143b5 སྟོབས་ལྡན་ཉེས་མེད་པ་དག་བཟོད་བྱེད་ཅིང་།། དེ་ལ་སེམས་ཀྱང་འཁྲུག་པར་མི་བྱེད་དོ།། བསམ་བརླག་གང་ཞིག་སྡིག་ཅན་གྱི།། ལྷ་ལ་བསྟེན་ནས་འཕགས་པ་ནི།། དགྲ་བཅོམ་ཆོས་ཀྱིས་འཚོ་བ་དང་།།
143b6 བསྟན་པ་སྤོང་བར་བྱེད་པ་དག། སྨིག་མ་འབྲུ་ཆགས་ལྟ་བུར་ནི།། དེ་ནི་རང་གི་འབྲས་བུ་གསོད།། ཚིག་བཟང་ཁོ་ན་སྨྲ་བྱ་ཡི།། སྡིག་པ་ཅན་དག་སྨྲ་མི་བྱ།། སྡིག་ཅན་གདུང་བྱེད་སྨྲ་བ་པས།། ཚིག་བཟང
143b7 སྨྲ་བར་བྱེད་པ་རུང་། ། བྱིས་པ་སྡིག་ཅན་སྨྲ་བྱེད་པ།། སྨྲ་བའི་ཚེ་ན་འཆིང་འགྱུར་ལ།། གལ་ཏེ་སྨྲས་ན་གཞན་སྤོང་བ།། དེ་དག་འཕགས་པ་མི་གསུང་ངོ་།། དགེ་སློང་དག་གི་བསྡམས་པ་དང་།། ངལ




iiif viewer powered by OpenSeadragon

143a - 144a

Texts on this page

S314 - ched du brjod pa'i tshoms