e-texts navigator
Collection
Volume
Page
Wylie

141b1 ཚ་ཤེས་ཤིང་བདེན་པར་སྨྲ། ། རང་གི་བྱ་བ་བྱེད་པ་ལ།། སྐྱེ་བོ་གཞན་རྣམས་དགའ་བར་བྱེད།། རང་གི་དོན་ནི་བྱེད་པ་ལ།། འདི་ལྟར་གཞན་རྣམས་དགའ་འགྱུར་ཞིང་།། མཐོང་བའི་ཆོས་ལ་བསྔགས
141b2 པ་དང་། ། ཕ་རོལ་དུ་ཡང་བདེ་འགྲོར་འགྱུར།། གཏམས་ན་གནང་བའི་ཚིག་སྨྲ་དང་།། མི་རིགས་སྤྱོད་ལས་བཟློག་པ་ལ།། དམ་པ་རྣམས་ནི་དགའ་བར་བྱེད།། དམ་པ་མ་ཡིན་དགའ་མི་འགྱུར།། དེ་བས
141b3 མཆོག་དང་མཆོག་མིན་པ། ། ཤི་འཕོས་བྲལ་བར་གྱུར་པ་ན།། དམ་པ་མ་ཡིན་དམྱལ་བར་འགྲོ།། དམ་པ་མཐོ་རིས་འགྲོ་བར་འགྱུར།། སྡུག་པའི་ཚེམས་ཏེ་ལྔ་པའོ།། ། བསྔགས
141b4 པར་འགྱུར་དང་ནོར་འཐོབ་དང་། ། ཕ་རོལ་བདེ་འགྲོར་དགའ་འགྱུར་བའི།། བདེ་བ་གསུམ་པོ་དོན་གཉེར་བའི།། མཁས་པས་ཚུལ་ཁྲིམས་བསྲུང་བར་བྱ།། འཕགས་དང་མཐོང་བ་ཕུན་ཚོགས་དང་།། འཇིག་རྟེན
141b5 ཞི་བ་སྟེན་འགྱུར་བའི། ། གནས་གཞན་འདི་དག་མཐོང་བ་ཡིས།། མཁས་པས་ཚུལ་ཁྲིམས་བསྲུང་བར་བྱ།། ལུས་ནི་ཡོངས་སུ་གདུང་མེད་པར།། ཚུལ་ཁྲིམས་ཀྱིས་ནི་བདེ་བ་འཐོབ།། མཚན་མོ་བདེ་བར
141b6 ཉལ་བ་དང་། ། སད་པ་ན་ཡང་དགའ་བར་འགྱུར།། སྦྱིན་པ་ཚུལ་ཁྲིམས་ལྡན་པ་དག། མཁས་པས་སྦྱིན་པའི་བསོད་ནམས་ཀྱིས།། འདི་དང་ཕ་རོལ་དག་ཏུ་ཡང་།། རྟག་ཏུ་བདེ་བ་འཐོབ་པར་འགྱུར།། རྒན་པའི
141b7 བར་ལ་ཚུལ་ཁྲིམས་དགེ། དད་ལ་རབ་ཏུ་གནས་ན་ལེགས།། མི་ཡི་རིན་ཆེན་ཤེས་རབ་སྟེ།། བསོད་ནམས་ཆོམ་པོས་འཕྲོགས་པར་དཀའ།། དགེ་སློང་ཚུལ་ཁྲིམས་ལ་གནས་ཤིང་།། དབང་པོ་རྣམས་ཀྱང་བསྡམས




iiif viewer powered by OpenSeadragon

141a - 142a

Texts on this page

S314 - ched du brjod pa'i tshoms