e-texts navigator
Collection
Volume
Page
Wylie

140a1 དག་བསླབ་པའི་བར་ཆད་པས། ། ཁྱེད་ཀྱིས་ཡན་ལག་དེ་རྟོགས་ལ།། དྲན་པ་ཆུང་ནི་མ་གསན་ཅིག། དགེ་སློང་ཚུལ་ཁྲིམས་བཟང་བ་དང་།། བག་ཡོད་པ་ལ་དགའ་བ་ཡིས།། ཀུན
140a2 རྟོག་ལེགས་པར་མཉམ་བཞག་སྟེ། ། རང་གི་སེམས་ནི་རྗེས་སུ་སྲུངས།། བརྩམ་པར་བྱ་ཞིང་འབྱུང་བར་བྱ།། སངས་རྒྱས་བསྟན་ལ་འཇུག་པར་བྱ།། འདམ་བུའི་ཁྱིམ་ལ་གླང་ཆེན་བཞིན།། འཆི་བདག་སྡེ་ནི།
140a3 གཞོམ་པར་བྱ།། གང་ཞིག་ཆོས་འདུལ་འདི་ཉིད་ལ།། བག་དང་ལྡན་པར་སྤྱོད་བྱེད་པ།། སྐྱེ་བའི་འཁོར་བ་རབ་སྤངས་ནས།། སྡུག་བསྔལ་ཐ་མར་བྱེད་པར་འགྱུར།། བག་ཡོད་པའི་ཚེམས་ཏེ་བཞི་པའོ།།
140a4 སྡུག་པ་རྣམས་ལས་མྱ་ངན་སྐྱེ།། སྡུག་པ་རྣམས་ལས་འཇིགས་པ་སྐྱེ།། སྡུག་པ་དག་ནི་རྣམ་སྤངས་ན།། མྱ་ངན་མེད་ཅིང་འཇིགས་པ་མེད།། སྡུག་གུ་མ་ལས་མྱ་ངན་སྐྱེ།
140a5 སྡུག་ལས་སྡུག་བསྔལ་སྡུག་ལས་འཇིགས།། སྡུག་གུ་མ་དག་གཞན་གྱུར་ན།། ཡི་མུག་འགྱུར་བ་ཐོབ་པར་བྱེད།། འཇིག་རྟེན་སྡུག་བསྔལ་རྣམ་པ་དུ་མ་དང་།། མྱ་ངན་སྨྲེ་སྔགས་འདོན་པ་ཇི་སྙེད་པ།།
140a6 དེ་དག་སྡུག་པ་དག་ལས་རྟེན་ཏེ་བྱུང་།། སྡུག་པ་སྤངས་ན་དེ་དག་ཡོད་མི་འགྱུར།། གང་ཕྱིར་འཇིག་རྟེན་འགའ་ནའང་སྡུག་མེད་པ།། གང་ཡིན་དེ་དག་བདེ་ཞིག་མྱ་ངན་མེད།། དེ་བས་གདུང་མེད་རྡུལ་བྲལ
140a7 ། དོན་གཉེར་བྱས།། ནམ་ཡང་སྡུག་པར་བྱེད་པ་མི་བྱའོ།། སྡུག་པ་མ་མཐོང་སྡུག་བསྔལ་ལ།། མི་སྡུག་མཐོང་ན་དེ་བཞིན་པས།། ནམ་ཡང་སྡུག་དང་ཕྲད་མི་བྱ། མི་སྡུག་དང་ཡང་ཕྲང་མི་བྱ། སྡུག་པ་དང་ནི་བྱེ་བྲལ་དང་།། མི་སྡུག




iiif viewer powered by OpenSeadragon

139b - 140b

Texts on this page

S314 - ched du brjod pa'i tshoms