| | e-texts navigator
|
135b1 བླ་ན་མེད། ། ཞི་མཆོག་དོན་དུ་གཉེར་བར་གྱིས།། དགུན་ཀ་དང་ནི་དཔྱིད་ཀ་དང་།། དབྱར་ཀ་འདི་དག་བྱའོ་ཞེས།། བྱིས་པ་རྣམ་པར་སེམས་བྱེད་པས།། བར་ཆད་མཐོང་བར་མ་གྱུར་ཏོ།། བུ་དང་ནོར་ཕྲུགས་འབྱོར་པ།
135b2 ལ།། མི་ཡི་ཡིད་ནི་རྣམ་ཆགས་པ།། འཆི་བདག་གིས་ནི་བླངས་ནས་འགྲོ།། ཉལ་གྲོང་ཆུ་བོས་བདས་པ་བཞིན།། འཆི་བའི་དུས་ལ་བབ་པ་ན།། བུ་རྣམས་སྐྱབས་སུ་མི་འགྱུར་ཞིང་།། པ་ཡང་མ་ཡིན་གཉེན
135b3 འདུན་མིན། ། ཁྱོད་ལ་སྐྱབས་སུ་འགྱུར་བ་མེད།། འདི་ནི་བྱ་བ་བྱས་ཟིན་དོན་འདི་བྱ།། དེ་དག་བྱས་ནས་བདག་གིས་འདི་བྱ་ཞེས།། དེ་ལྟར་མི་ནི་ཡོངས་སུ་ཤོམ་པ་ན།། རྒ་དང་ནད་བཅས་འཆི་བས་མངོན་དུ
135b4 བཅོམ། ། དེ་ལྟས་རྟག་ཏུ་ཏིང་འཛིན་ལ་དགའ་མཉམ་པར་ཞོག། བརྩོན་པ་སྐྱེད་པ་སྐྱེ་བ་དང་རྒ་བའི་མཐའ་མ་ལྟོས།། བདུད་རྣམས་སྡེ་དང་བཅས་པ་མངོན་པར་ཟིལ་ནོན་ལ།། དགེ་སློང་དག་གོ་སྐྱེ་ཤིའི་ཕ་རོལ
135b5 འགྲོ་བར་གྱིས། ། མི་རྟག་པའི་ཚེམས་ཏེ་དང་པོའོ།། ། ཀུན་རྟོག་ལས་ནི་འདོད་སྐྱེས་པས།། འདོད་པའི་རྩ་བ་ཤེས་གྱིས་ཏེ།། ཁྱོད་ནི་ཀུན་རྟོག་མ་བྱེད་དང་།། དེས་ན་ཁྱོད་ལ་འབྱུང་མི་འགྱུར།། འདོད་པ
135b6 རྣམས་ལས་མྱ་ངན་སྐྱེས། ། འདོད་པ་རྣམས་ལས་འཇིགས་པ་བྱུང་།། འདོད་པ་དག་ནི་རྣམ་སྤངས་ན།། མྱ་ངན་མེད་ཅིང་འཇིགས་པ་མེད།། དགའ་བ་རྣམས་ལས་མྱ་ངན་སྐྱེས།། དགའ་བ་རྣམས་ལས
135b7 འཇིགས་པ་བྱུང་། ། དགའ་བ་དག་ནི་རྣམ་སྤངས་ན།། མྱ་ངན་མེད་ཅིང་འཇིགས་པ་མེད།། འདོད་དགའི་རྣམ་སྨིན་སྡུག་བསྔལ་ཏེ།། དང་པོ་མང་རལ་འབྲས་བུ་ཆ།། མེ་སྨོན་ལ་གནས་མ་བོར་བ།། མཇུག་ཏུ་བྱིས
iiif viewer powered by OpenSeadragon
135a - 136a