e-texts navigator
Collection
Volume
Page
Wylie

134a1 བུ་སྨིན་པ་ལྟུང་བ་བཞིན། ། དཔེར་ན་འབྲས་བུ་སྨིན་པ་རྣམས།། ལྟུང་བས་རྟག་ཏུ་འཇིགས་པ་ལྟར།། དེ་བཞིན་སྐྱེས་པར་གྱུར་པའི་མི།། རྟག་ཏུ་འཆི་བས་འཇིགས་པར་འགྱུར།།
134a2 དཔེར་ན་རྫ་མའི་མཁན་པོ་ཡིས།། འཇིམས་པ་ལས་ནི་སྣོད་བྱས་པ།། ཐམས་ཅད་ཐ་མར་འཇིག་པ་ལྟར།། མི་རྣམས་སྲོག་ཀྱང་དེ་བཞིན་ནོ།། དཔེར་ན་ཐགས་ནི་བརྐྱང་བ་ལས།། སྤུན་ནི་གང་དང
134a3 གང་བཅུག་པའི། ། སྤུན་ནི་གཏིང་ལ་གཏུགས་པ་ལྟར།། མི་རྣམས་སྲོག་ཀྱང་དེ་བཞིན་ནོ།། དཔེར་ན་ངེས་པར་གསོད་པ་དག། གོམ་པ་གང་དང་གང་བོར་བས།། གསོད་པའི་དྲུང་དུ་བསྙེན་པ་ལྟར།།
134a4 མི་རྣམས་སྲོག་ཀྱང་དེ་བཞིན་ནོ།། ཆུ་ཀླུང་དྲག་ཏུ་འབབ་པའི་རྒྱུན།། ལྡོག་པ་མེད་པ་ཇི་ལྟ་བར།། དེ་བཞིན་མི་ཡི་ཚེ་འགྲོ་བ།། སླར་ནི་ལྡོག་པར་འགྱུར་བ་མེད།། དཀའ་བ་ཉིད་དང་ཐུང་བ་དང་།། དེ
134a5 ཡང་སྡུག་བསྔལ་ལྡན་པ་དག། མྱུར་བ་ཁོ་ནར་འཇིག་འགྱུར་ཏེ།། ཆུ་ལ་དབྱུག་གུས་བྲིས་པ་བཞིན།། དཔེར་ན་ཕྱུགས་རྫི་དབྱུག་ཐོགས་ཀྱིས།། ཕྱུགས་རྣམས་གནས་སུ་ཕྱིན་བྱེད་ལྟར།། དེ་བཞིན་ནད
134a6 དང་རྒ་བ་ཡིས། ། མི་རྣམས་འཆི་བདག་དྲུང་དུ་སྐྱེལ།། ཆུ་བྲན་གྱི་ནི་ཆུ་ལྟ་བུར།། ཉིན་དང་མཚན་མོ་འདས་པ་ཡིས།། མི་རྣམས་ཚེ་ཡང་ཟད་འགྱུར་ཞིང་།། སྲོག་ཀྱང་ཉེ་བར་འཇིག་པར་འགྱུར།། མེ་ལ
134a7 ཆེ་བྱེད་ལ་མཚན་མོ་རིང་། ། ལམ་གྱིས་དུ་བ་ལ་རྒྱང་གྲགས་རིང་།། དམ་ཆོས་རྣམ་པར་མི་ཤེས་པའི།། བྱིས་པ་རྣམས་ལ་འཁོར་བ་རིང་།། བདག་ལ་བུ་ཡོད་དེ་བཞིན་དུ།། ནོར་ཡོད་ཅེས་པས་བྱིས་པ་བརླག།




iiif viewer powered by OpenSeadragon

133b - 134b

Texts on this page

S314 - ched du brjod pa'i tshoms