e-texts navigator
Collection
Volume
Page
Wylie

133b1 ཕྱག་འཚལ་ལོ། ། བཀྲ་ཤིས་པར་གྱུར་ཅིག། རྒྱལ་བས་ཆེད་དུ་བརྗོད་གསུངས་པ། བདག་གིས་རབ་ཏུ་བཤད་པར་བྱས།། གཉིད་དང་རྨུགས་པ་རྣམས་སོལ་ལ།། ཡིད་ལ་དགའ་བ་བསྐྱེད་དེ་ཉོན
133b2 ཐམས་ཅད་མཁྱེན་པ་སྐྱོབ་པ་པོ། ། ཐུབ་པ་རྗེས་སུ་ཐུགས་བརྩེ་བ།། སྐུ་ཡི་ཐ་མ་འཛིན་པ་ཡི།། བཅོམ་ལྡན་འདས་ཀྱིས་འདི་སྐད་གསུངས།། ཀྱེ་མ་འདུ་བྱེད་རྣམས་མི་རྟག། སྐྱེ་ཞིང་འཇིག
133b3 པའི་ཆོས་ཅན་ཡིན། ། སྐྱེས་ནས་འཇིག་པར་འགྱུར་བ་སྟེ།། དེ་དག་ཉེ་བར་ཞི་བ་བདེ།། དེ་ལྟར་རབ་ཏུ་འབར་བ་ལ།། ཅི་ཞིག་དགར་ཡོད་མགུར་ཅི་ཡོད།། མུན་པའི་ནང་ཞུགས་གནས་པ་དག། ཅི
133b4 ཕྱིར་སྒྲོན་མཚོལ་མི་བྱེད། ། རུས་པ་ཐི་བའི་མདོག་འདྲ་བ།། བོར་བ་གང་ཡིན་འདི་དག་ནི།། ཕྱོགས་དང་ཕྱོགས་སུ་རྣམ་འཐོར་བ།། དེ་མཐོང་འདི་ལ་ཅི་ཞིག་དགའ།། གང་ཞིག་ནུབ་མོ་ཁོ་ན་ནས།།
133b5 མངལ་དུ་དང་པོ་འཇུག་པའི་མི།། དེ་ནི་སྡོང་མེད་འགྲོ་འགྱུར་ཞིང་།། སོང་བ་ལས་ཀྱང་ལྡོག་པ་མེད།། སྔ་དྲོ་སྐྱེ་བོ་མང་མཐོང་བ།། ཕྱི་དྲོ་ཁ་ཅིག་མཐོང་མི་འགྱུར།། ཕྱི་དྲོ་སྐྱེ་བོ་མང་མཐོང་བ།། སྔ་དྲོ་ལ
133b6 ཅིག་མཐོང་མི་འགྱུར། ། སྐྱེས་པ་བུད་མེད་མང་པོ་དང་།། དར་ལ་བབ་པའང་འཆི་འགྱུར་ན།། དེ་ལ་མི་འདི་གཞོན་ཞེས་ཏེ།། གསོན་པའི་གདེང་དྲོད་ཅི་ཞིག་ཡོད།། ཁ་ཅིག་མངལ་དུ་འཆི་བར་འགྱུར།།
133b7 བཞིན་ཁ་ཅིག་བཙས་པའི་སར།། དེ་བཞིན་ཁ་ཅིག་གོག་ཙམ་ན།། དེ་བཞིན་ཁ་ཅིག་ཡོངས་རྒྱུག་ན།། ལ་ལ་རྒན་དང་ལ་ལ་གཞོན།། ལ་ལ་དར་ལ་བབ་པའི་མི།། རིམས་ཀྱིས་རབ་ཏུ་འགྲོ་འགྱུར་ཏེ།། འབྲས




iiif viewer powered by OpenSeadragon

133a - 134a

Texts on this page

S314 - ched du brjod pa'i tshoms