e-texts navigator
Collection
Volume
Page
Wylie

366a1 ནམ་མཁའི་དྲོནྡ་ཨ་ཤོ་ཀ་དང་། ཀིང་ཤུ་ཀ་དང་། ཟངས་དང་། དུས་འཚམས་ཀྱིས་སྤྲིན་དྲི་མ་མེད་པས་ནམ་མཁའ་ཁེབས་པ་ལྟ་བུར་བྱས་ཏེ། རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་དུ།
366a2 ལྷགས་ནས་འདུ་བའི་གནས་དེར་ཚོགས་ཏེ། སྐད་ཅིག་མ་དེ་ཉིད་ལ་དགེ་སློང་བྱེ་བ་ཕྲག་གསུམ་ཡང་དག་པར་འདུས་པར་གྱུར་ཏེ། བྱེ་བ་གཅིག་ནི་ཟག་པ་ཟད་པ་རྣམས་སོ།། གཉིས་པ་ནི་བསླབ་པ་ལ
366a3 ཞུགས་པ་རྣམས་སོ། ། གསུམ་པ་ནི་སོ་སོའི་སྐྱེ་བོ་དགེ་བ་ཅན་རྣམས་ཏེ། དེ་ནས་རྒན་པའི་རིམ་པ་ཇི་ལྟ་བ་བཞིན་དུ་གདན་པ་ཤམས་པ་ལ་བཞུགས་སོ།། དེ་ནས་དེད་དཔོན་ཉི་མས་གནས་བརྟན
366a4 ཀུན་དགའ་བོ་ལ་སོགས་པ་དགེ་སློང་གི་དགེ་འདུན་རྣམས་བདེ་བར་བཞུགས་པར་རིག་ནས་གཙང་ཞིང་བསོད་པའི་བཟའ་བ་དང་བཏུང་བ་རྣམས་རང་གི་ལག་ནས་ཀུན་ཏུ་ཚིམ་པར་བསྟབས་ཏེ། ཇི་སྲིད་དགེ
366a5 སློང་གི་དགེ་འདུན་གྱིས་ལོངས་སྤྱད་པར་རིག་ནས། ཕྱག་བཅབས་ཤིང་ལྷུང་བཟེད་བསྡུས་ནས། ཆོས་གོས་གསུམ་པོ་བརྒྱ་སྟོང་དུ་མ་གསོལ་བར་འདོད་ནས། དགེ་སློང་གི་དགེ་འདུན་དེ་རྣམས་ལ་བལྟས།
366a6 པ་དང་། ཡིད་ཤིན་ཏུ་དགའ་བ་སྐྱེས་པར་གྱུར་ཏོ།། དགེ་སློང་གསེར་མདོག་གིས་དེའི་བསམ་པ་ཤེས་ནས་སྨྲས་པ། ཡབ་ཁྱེད་ཐུགས་ལས་ཆུང་བར་མཛོད་ཅིག། བདག་ཉིད་ཀྱིས་དགེ་སློང་གི་དགེ་འདུན
366a7 རྣམས་ལ་གསེར་མདོག་ཅན་གྱི་ཆོས་གོས་གསུམ་གསུམ་དབུལ་བར་བགྱིའོ། ། དེ་ནས་དགེ་སློང་གསེར་མདོག་གིས་རང་གི་ལུས་ལས་གསེར་གྱི་མདོག་ཅན་གྱི་གོས་ཕུད་ཅིང་བུད་ཅིང་སྲང་འབུམ་རི་བའི་ཆོས




iiif viewer powered by OpenSeadragon

365b - 366b

Texts on this page

S310 - gser mdog gi rtog pa brjod pa