| | e-texts navigator
|
365a1 པུས་མོས་གཡས་པའི་ལྷངས་ལ་བཙུགས་ཏེ་ཐལ་མོ་སྦྱར་ནས། གནས་བརྟན་ཀུན་དཀའ་བོ་ལ་འདི་སྐད་ཅེས་གསོལ་ཏོ།། འཕགས་པ་ཀུན་དགའ་བོ་བདག་གིས་སངས་རྒྱས
365a2 ལ་སོགས་པའི་དགེ་སློང་གི་དགེ་འདུན་རྣམས་བསྐུམ་པའི་ནང་དུ་སྤྱན་དྲངས་ལ་ཞལ་ཟས་རོ་དྲུག་ཅུ་པའི་བཤོས་དྲངས་ཏེ། དགེ་སློང་རེ་རེ་ཞིང་སྲང་འབུམ་རི་བའི་ཆོས་གོས་དབུལ་བར་བྱའོ་སྙམ་དུ་དགོངས
365a3 ནས། བཅོམ་ལྡན་འདས་དེ་ཡོངས་སུ་མྱ་ངན་ལས་འདས་པས། ད་ནི་འཕགས་པ་ཀུན་དགའ་བོ་ལ་སོགས་པ་དགེ་སློང་གི་དགེ་འདུན་རྣམས་ལ་བཤོས་གཙང་སྦྱར་བར་འཚལ་ལོ།། གནས་བརྟན
365a4 ཀུན་དགའ་བོས་བཀའ་སྩལ་པ། དེད་དཔོན་དེ་བཞིན་དུ་གྱིས་ཤིག། ངས་ཇི་ལྟར་བཅོམ་ལྡན་འདས་ཀྱི་ཉན་ཐོས་ཀྱི་དགེ་འདུན་འཛམ་བུའི་གླིང་ན་ཇི་སྙེད་ཅིག་གནས་པ་ཐམས་ཅད་འདིར་འདུས་པར་འགྱུར
365a5 བ་དེ་ལྟར་བྱའོ། ། དེ་ནས་དད་དཔོན་ཉི་མ་རབ་ཏུ་དཀའ་བས་རྒྱས་པའི་ཡིད་དང་། རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་གྱི་ཕྱི་རོལ་འདུ་བའི་གནས་རྡོ་དང་། གྱོ་མོ་དང་། གསེག་མ་བསལ་ཏེ། ཙན་དན་གྱི་ཆུས
365a6 ཆག་ཆག་བཏབ་ནས། གདུགས་དང་། རྒྱལ་མཚན་དང་། བ་དན་བསྒྲེང་སྟེ། མུ་ཏིག་དང་གོས་ཀྱི་ཆུན་འཕྱང་གདགས་ཤིང་མེ་ཏོག་སྣ་ཚོགས་ཀྱིས་གཅཝལ་བཀྲམ་པ་དང་། སྤོས་དྲི་ཞིམ་པོའི་སྤོས
365a7 སྣོད་ཉེ་བར་བཀྲམ་པ་དང་། ཤིན་ཏུ་མཛེས་པའི་ཐ་རེ་དང་། རྟ་བབས་བྲེས་པའི་ཤིན་ཏུ་ཉམས་དགའ་བ་བྱེད་དུ་བཅུག་སྟེ། དེ་ཉིད་ཀྱི་མཚན་མོ་གཙང་ཞིང་བསོད་པའི་བཟའ་བ་དང་བཅའ་བ་རྣམས
iiif viewer powered by OpenSeadragon
364b - 365b