e-texts navigator
Collection
Volume
Page
Wylie

364b1 ནི་ཡི་དགས་རྣམས་སུ། སྐྱེ་བ་ལྔ་བརྒྱར་ནི་དུད་འགྲོ་རྣམས་སུ་སྐྱེ་བར་འགྱུར་རོ།། གང་ཡང་འདིས་བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་ཟླ་བའི་བསྟན་པ་ལ་རབ་ཏུ་བྱུང་སྟེ། ཚངས
364b2 པར་སྤྱོད་པ་སྤྱད་པས་ལས་དེའི་རྣམ་པར་སྨིན་པས་ད་ལྟར་ཡང་འདི་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་སྟེ། ཉོན་མོངས་པ་ཐམས་ཅད་སྤངས་ནས། དགྲ་བཅོམ་པའི་འབྲས་བུ་ཉིད་མངོན་སུམ་དུ་བྱས
364b3 པ་ཡིན་ནོ། ། རྒྱལ་པོ་ཆེན་པོ་དེ་བས་བདག་ཉིད་སྡུག་བསྔལ་བར་མི་འདོད་པས་གཞན་དག་ལ་ཐ་ན་སེམས་ཀྱིས་སྨད་པ་ཙམ་ཡང་མི་བྱའོ།། གྲགས་པ་མེད་པའི་འཇིག་པས་གཞན་དག་ལ་གྲགས་པ་མ་ཡིན།
364b4 པ་བསྒྲགས་པར་མི་བྱའོ།། བདག་ཉིད་བདེ་བར་འདོད་པས་གཞན་རྣམས་ཀྱི་བདེ་བ་དབྲོག་པར་མི་བྱའོ།། དེ་ནས་ཆོས་ཀྱི་རྣམ་གྲངས་འདི་བསྟན་པ་ན། སྲོག་ཆགས་བརྒྱ་སྟོང་དུ་མ་དཔག་ཏུ་མེད་པས་ཁྱབ
364b5 པར་རྟོགས་པར་གྱུར་ཏེ། ལ་ལ་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་དང་། ལ་ལ་ནི་ལན་ཅིག་ཕྱིར་འོང་བའི་འབྲས་བུའོ།། ལ་ལ་ནི་རབ་ཏུ་བྱུང་བས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ། དགྲ་བཅོམ་པ་ཉིད་མངོན
364b6 སུམ་དུ་བྱས་སོ། ། ལ་ལས་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ།། ལ་ལས་ནི་ཉན་ཐོས་ཀྱི་བྱང་ཆུབ་ཏུའོ།། ལ་ལ་ནི་སྐྱབས་སུ་སོང་ཞིང་བསླབ་པའི་གཞི་རབ་ཏུ་བཟུང
364b7 པབར་གྱུར་ཏོ། ། ཡང་འཁོར་ཕལ་མོ་ཆེ་སངས་རྒྱས་ལ་གཞོལ་བ་དང་། ཆོས་ལ་བབ་པ་དང་། དགེ་འདུན་ལ་བབ་པ་བཞག་པར་གྱུར་ཏོ།། དེ་ནས་དེད་དཔོན་ཉི་མ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས།




iiif viewer powered by OpenSeadragon

364a - 365a

Texts on this page

S310 - gser mdog gi rtog pa brjod pa