| | e-texts navigator
|
291a1 བནྡེ་ཡེ་ཤེས་སྡེ་དང་། ཡི་གེ་པ་དཀོན་སྲིང་ཐལ་སོགས་པས་ཞུ་ཆེན་བགྱིས་ཏེ་གཏན་ལ་ཕབ་པ། རྒྱུ་གརང་སྐད་དུ།
291a2 སུ་བརྞ་ཨ་བ་དཱ་ན་མ། བོད་སྐད་དུ། གསེར་མདོག་གི་རྟོགས་པ་བརྗོད་པ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།། འདི་ལྟར་རྗེས་སུ་ཐོས་ཏེ། གནས་བརྟན་འོད་སྲུངས་ཆེན་པོ་ཡོངས་སུ་མྱ
291a3 ངན་ལས་བདས་ནས། གནས་བརྟན་ཀུན་དགའ་བོ་བདག་ཉིད་ཆེན་པོ། གནས་བརྟན་ཤཱ་ར་དྭ་ཏིའི་བུ་དང་ཤེས་རབ་མཉམ་པ། དེ་བཞིན་གཤེགས་པ་བཞིན་དུ་སྙིང་རྗེ་ཆེན་པོ་སེམས་ཤིང་། ཡུལ
291a4 དང་། གྲོང་ཁྱེར་དང་། གྲོང་རྡལ་དང་། ཚོང་དུས་ལ་སོགས་པ་དེ་དང་དེར་གདུལ་བྱ་དེ་དང་། ཐབས་ཀྱི་བྱེ་བྲག་དེ་དང་དེ་དག་གིས་འདུལ་བར་གྱུར་ཏོ།། ཇི་ཙམ་ན་དུས་གཞན་ཞིག་གི་ཚེ། གདུལ
291a5 བྱའི་དབང་གིས་སེམས་ཅན་བྱེ་བ་བརྒྱ་སྟོང་དཔག་ཏུ་མེད་པ་ལ་དམ་པའི་ཆོས་སྟོན་པའི་བདུད་རྩིའི་ཆར་འབེབས་པས། ཡང་དག་པར་ཚིམ་པར་བྱེད་ཅིང་། ཡངས་པ་ཅན་གྱི་གནས་ཨ་མྲ་བསྲུང་བའི་ཚལ
291a6 གང་ན་གནས་སོ། ། ཡང་དེའི་ཚེ་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ན། དེད་དཔོན་ཉི་མ་ཞེས་བྱ་བ་ཕྱུག་པ། ནོར་མང་བ། ལོངས་སྤྱོད་ཆེ་བ། ཡོངས་སུ་བཟུང་བ། ཡངས་ཤིང་རྒྱ་ཆེ་བ། རྣམ་ཐོས་ཀྱི
291a7 བུའི་ནོར་དང་ལྡན་པ། རྣམ་ཐོས་ཀྱི་བུ་ལ་ནོར་གྱིས་འགྲན་པ་ཞིག་གནས་ཏེ། དེས་རིགས་མཉམ་པ་ལས་ཆུང་མ་བླངས་ནས། དེ་དེ་དང་ལྷན་ཅིག་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད
iiif viewer powered by OpenSeadragon
290b - 291b