e-texts navigator
Collection
Volume
Page
Wylie

208a1 བརྟག་པའོ། ། དགེ་སློང་དག་དེ་ལྟ་བས་ན། གང་དེ་དག་བསྟན་བཅོས་ཐོས་པ་རྣམས་ཀྱི་བདག་ལ་ཕན་པར་བྱ་བ་དང་། སྙིང་བརྩེ་བ་དང་། སྙིང་རྗེ་བ་དང་།
208a2 དོན་འདོད་པ་དང་། ཕན་པ་ཚོལ་བས་སྙིང་བརྩེ་བ་འདིས་ཁྱེད་ཅག་རྣམས་ཀྱིས་འདི་ལྟར་བྱ་སྟེ། དགེ་སློང་དག་དགོན་པ་དང་། ཤིང་དྲུང་དང་། ཁང་སྟོང་དང་། རི་ཁྲོད་དང་། རི་ཕུག་དང
208a3 བ་ལ་པུན་ཛྙཱ་བྷུ་བ་ཀ་ཤ་དང་། དུར་ཁྲོད་དང་། ནགས་འདབ་དང་། བས་མཐའི་གནས་མལ་དུ་གནས་ཏེ། འདི་དག་ངེས་པར་བསམ་པར་བྱའོ།། དགེ་སློང་དག་བག་ཡོད་པར་གྱིས་ཤིག།
208a4 ཅི་ནས་ཀྱང་ཕྱིས་འགྱོད་པར་འགྱུར་བ་དེ་ལྟར་མ་བྱེད་ཅིག། འདི་ནི་ངའི་རྗེས་སུ་བསྟན་པའོ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་ཡི་རངས་ཏེ། བཅོམ
208a5 ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། ། ལྟུང་བསྡེ་ལྔའི་དགེ་བ་དང་མི་དགེ་བའི་འབྲས་བུ་བརྟག་པའི་མདོ་རྫོགས་སོ།། རྒྱ་གར་གྱི་མཁན་པོ་ཨཱ་ཙཨཱརྱ་ཛྙཱ
208a6 ན་ཤྲཱི་གུ་པ་ཏ་དང་། བོད་ཀྱི་ལོ་ཙ་བ་དགེ་སློང་ཤཱཀྱ་བློ་གྲོས་ཀྱིས་བསྒྱུར་ཅིང་གཏན་ལ་ཕབ་པ།། རྒྱ་གར་སྐད་དུ། ཀུ་མཱ་ར་དྲྀཥྚཾ་ཏ་སཱུ་ཏྲ།
208a7 བོད་སྐད་དུ། གཞོན་ནུའི་དཔེའི་མདོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདསའོ།




iiif viewer powered by OpenSeadragon

207b - 208b

Texts on this page

S301 - ltung ba sde lnga'i dge ba dang mi dge ba'i 'bras bu brtag pa'i mdo
S302 - gzhon nu dpe'i mdo