e-texts navigator
Collection
Volume
Page
Wylie

207a1 ཏུ་སྟོན་པ་དེ་ནི་ལུས་ཞིག་ན་བདེ་འགྲོ་འཕྲུལ་དགའི་ལྷ་རྣམས་སུ་སྐྱེ་བར་འགྱུར་ཏེ། དེ་དག་དེར་ཡང་ལྷའི་ཚེ་དང་། ལྷའི་ཁ་དོག་དང་། ལྷའི་སྟོབས་དང་། ལྷའི།
207a2 བདེ་བ་དང་། ལྷའི་དབང་ཕྱུག་ལ་དབང་བྱེད་ཅིང་། ལྷའི་གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་དང་། ལྷའི་གཡོག་འཁོར་དང་ལྡན་པར་འགྱུར་རོ།། དགེ་སློང་དག་འཕྲུལ་དག་ནི
207a3 ལྷ་རྣམས་ཀྱི་ལོ་བརྒྱད་སྟོང་གང་ཡིན་པ་དེ་ནི། དམྱལ་བ་ཆེན་པོ་ངུ་འབོད་ཆེན་པོའི་ཉིན་ཞག་གཅིག་གོ། ཉིན་ཞག་དེ་སུམ་ཅུ་ལ་ཟླ་བ་གཅིག་གོ། ཟླ་བ་བཅུ་གཉིས་ལ་ལོ་གཅིག་ཏུ་བརྩིས
207a4 པའི་ལོ་བརྒྱད་སྟོང་ནི་དམྱལ་བ་ངུ་འབོད་ཆེན་པོའི་ཚེའི་ཚད་དོ། ། དགེ་སློང་དག་ལྷག་མའི་ཆོས་གང་དག་མི་སྲུང་བ་དང་། མི་སྦེད་པ་དང་། ཡོངས་སུ་མི་སྦྱོང་བ་དང་། དེ་དག་ལས་འདའ
207a5 པབར་བྱེད་པ་དང་། འདས་པ་དེ་དག་མི་སྟོན་པ་དང་། རབ་ཏུ་མི་སྟོན་པ་དེ་ན་ལུས་ཞིག་ནས་ཤི་བའི་འོག་ཏུ་དམྱལ་བ་ཆེན་པོ་ངུ་འབོད་ཆེན་པོར་སྐྱེ་བར་འགྱུར་ཏེ། དེ་དག་དེར་ཡང་སྡུག་བསྔལ
207a6 ཤིན་ཏུ་དྲག་པ་དང་། རྩུབ་པ་དང་། ཚ་བ་དང་། ཡིད་དུ་མི་འོང་བའི་ཚོར་བ་མྱོང་བར་འགྱུར་རོ།། ལྷག་མའི་ལྟུང་བ་བརྟག་པའོ།། དགེ་སློང་དག་འཛམ་བུ་གླིང་པའི་མི་རྣམ
207a7 ཀྱི་ལོ་བརྒྱ་ཕྲག་བཅུ་དྲུག་གང་ཡིན་པ་དེ་ནི། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཀྱི་ཉིན་ཞག་གཅིག་གོ། ཉིན་ཞག་དེ་སུམ་ཅུ་ལ་ཟླ་བ་གཅིག་གོ། ཟླ་བ་བཅུ་གཉིས་ལ་ལོ་གཅིག་ཏུ་བརྩིས




iiif viewer powered by OpenSeadragon

206b - 207b

Texts on this page

S301 - ltung ba sde lnga'i dge ba dang mi dge ba'i 'bras bu brtag pa'i mdo