| | e-texts navigator
|
387a1 ལྟར་སྐུ་ཚེ་ཐུང་སྙམ་ནས། དེ་ཡང་འདི་སྙམ་སེམས་ཏེ། བཅོམ་ལྡན་འདས་ཀྱིས་ཀྱང་འདི་སྐད་དུ། རྒྱུ་གཉིས་དང་རྐྱེན་གཉིས་ཀྱིས་ཚེ་རིང་བར་འགྱུར་ཏེ། གཉིས་གང་ཞེ་ན།
387a2 འདི་ལྟ་སྟེ། སྲོག་གཅོད་པ་སྤངས་པ་དང་། ཁ་ཟས་རབ་ཏུ་སྦྱིན་པའོ་ཞེས་གསུངས་ཏེ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་ནི། བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གྲངས་མེད་པ་མང་པོར་སྲོག
387a3 གཅོད་པ་སྤངས་པར་གྱུར་པ་ནས། དགེ་བ་བཅུའི་ལས་ཀྱི་ལམ་གྱི་བར་དུ་ཡང་དག་པར་བླངས་ཏེ་གནས་པར་གྱུར། ཟས་ཀྱང་ཕྱི་ནང་གི་དངོས་པོ་རྣམས་སེམས་ཅན་དག་ལ་ཡོངས་སུ་བཏང་སྟེ།
387a4 ན་རང་གི་ལུས་ཀྱི་ཤ་དང་། ཁྲག་དང་། རུས་པ་དང་། རྐང་གིས་ཀྱང་སེམས་ཅན་ལྟོགས་པ་རྣམས་ཚིམ་པར་མཛད་ན། ཟས་གཞན་གྱིས་ལྟ་ཅི་སྨོས་སྙམ་མོ།། དེ་ནས་སྐྱེས་བུ་དམ་པ་དེ་སངས་རྒྱས
387a5 ལ་སོང་བའི་ཡིད་ལ་བྱེད་པ་དག་ལས། འདི་ལྟ་བུའི་ཚུལ་གྱིས་བསམ་པ་འདི་དག་སེམས་པ་ན། དེའི་ཁྱིམ་ཡངས་ཤིང་རྒྱ་ཆེ་ལ་བཻ་ཌཱུཪྻ་སྔོན་པོ་ལས་གྲུབ་པ། ལྷའི་རིན་པོ་ཆེ་དུ་མས་སྨྲས་པ། དེ
387a6 བཞིན་གཤེགས་པས་ཁ་དོག་བསྒྱུར་བ་དག་བྱུང་ངོ་། ། ལྷའི་ལས་འདས་པའི་སྤོས་ཀྱིས་ཁྱབ་པར་གྱུར་ཏོ།། ཁྱིམ་དེའི་ཕྱོགས་བཞི་ནས་ལྷའི་རིན་པོ་ཆེའི་ཁྲི་བཞི་བྱུང་བར་གྱུར་ཏོ།། ཁྲི་དེ་དག
387a7 ལས་ཀྱང་ལྷའི་ཁྲི་ལྷའི་རས་བཅོས་བུ་རིན་པོ་ཆེའི་ཕྲུགས་རྣམས་བཏིང་བ་དག་བྱུང་བར་གྱུར་ཏོ། ། ཁྲི་དེ་དག་ལས་ཀྱང་ལྷའི་མེ་ཏོག་པདྨ་རིན་པོ་ཆེ་དུ་མས་སྤྲས་པ། དེ་བཞིན་གཤེགས་པས་ཁ་དོག
iiif viewer powered by OpenSeadragon
386b - 387b