e-texts navigator
Collection
Volume
Page
Wylie

386b1 ཕུང་པོ་ནི། ། མཐའ་ཡས་གྲངས་ཀྱང་མེད་པ་དང་།། བསམ་གྱིས་མི་ཁྱབ་སྐྱེ་བར་འགྱུར།། ཕྱོགས་བཅུ་རྫོགས་པའི་སངས་རྒྱས་དང་།། དེ་བཞིན་ཟབ་མོར་སྤྱོད་པ་ཡི།། བྱང་ཆུབ་སེམས་དཔའ་རྣམས།།
386b2 ཀྱིས་ཀྱང་།། རབ་ཏུ་གཟུང་བར་འགྱུར་བ་ཡིན།། གཙང་མའི་གོས་རྣམས་རབ་བགོས་ལ།། དྲི་ཞིམ་པ་ཡི་གོས་འཆང་ཞིང་།། བྱམས་པའི་སེམས་ནི་ཉར་གཞག་ནས།། གཡེལ་བ་མེད་པར་མཆོད
386b3 བར་བྱ། ། རང་གི་སེམས་ནི་དྲི་མེད་ཅིང་།། རྒྱ་ཆེ་བར་ཡང་རབ་བྱེད་ལ།། སེམས་ཀྱང་ཤིན་ཏུ་དང་བྱེད་ཀྱིས།། མདོ་སྡེ་དམ་པ་མཉན་པར་གྱིས།། གང་དག་མདོ་འདི་ཉན་པ་ནི།། དེ་དག་མི་ནང
386b4 ལེགས་པར་འོངས། ། མི་ཡི་སྲིད་པ་ལེགས་པར་ཐོབ།། འཚོ་བ་བདེ་བས་འཚོ་བར་འགྱུར།། གང་གི་རྣ་བའི་བུ་གར་ཡང་།། བཤད་པ་འདི་ནི་གྲགས་འགྱུར་བ།། དེ་དག་དགེ་རྩཝ་སྤངས་པ་སྟེ།།
386b5 སངས་རྒྱས་མང་པོས་རབ་ཏུ་བསྔགས།། གསེར་འོང་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་ལས། གླེང་གཞིའི་ལེའུ་ཞེས་བྱ་བ་སྟེ་དང་པོའོ།། །། ཡང་དེའི་ཚེ་དེའི་དུས་ན་རྒྱལ
386b6 པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མཛེས་པའི་ཏོག་ཅེས་བྱ་བ་སྔོན་གྱི་རྒྱལ་བ་ལ་བསྙེན་བཀུར་བྱས་པ། དགེ་བའི་རྩ་བ་བསྐྱེད་པ། སངས་རྒྱས
386b7 བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་མང་པོ་ལ་རིམ་གྲོ་བྱས་པ་ཞིག་གནས་པ་དེ་འདི་སྙམ་དུ་སེམས་ཏེ། རྒྱུ་གང་དང་རྐྱེན་གང་གིས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་འདི་ལྟ་སྟེ། ལོ་བརྒྱད་ཅུ་ཞིག་ཐུབ་སྟེ། འདི




iiif viewer powered by OpenSeadragon

386a - 387a

Texts on this page

S288 - 'phags pa gser 'od dam pa mdo sde'i dbang po'i rgyal po zhes bya ba theg pa chen po'i mdo