e-texts navigator
Collection
Volume
Page
Wylie

385b1 ཅིང་རྡུལ་རྣམས་མེད་པ་ཡི། ། བྱང་ཆུབ་སེམས་དཔའ་མཆོག་རྣམས་ལ།། མདོ་སྡེའི་དབང་པོའི་རྒྱལ་པོ་སྟེ།། མདོར་ན་ཤིན་ཏུ་ཟབ་པ་དང་། ཡོངས་སུ་བརྟགས་ན་ཟབ་པ་ཉིད།། གསེར
385b2 འོད་དམ་པ་འདི་འཆད་དོ། ། ཕྱོགས་བཞིར་སངས་རྒྱས་རྣམས་ཀྱིས་ནི།། བྱིན་གྱི་རླབས་ཀྱིས་པ་ནི་བརླབས་པ།། མི་འཁྲུགས་པས་ནི་ཤེར་ཕྱོགས་སུ།། རིན་ཆེན་ཏོག་གིས་ལྷོ་ཕྱོགས
385b3 སུ། འོད་དཔག་མེད་ཀྱིས་ནུབ་ཕྱོགས་སུ།། རྔ་སྒྲ་ཡིས་ནི་བྱང་ཕྱོགས་སུ།། སྡིག་པ་ཐམས་ཅད་གཞིག་པའི་ཕྱིར།། བཤད་པ་དམ་པ་བཀྲ་ཤིས་པ།། སྡིག་པའི་ལས་རྣམས་ཟད་བྱེད
385b4 པ། བདེ་བ་ཐམས་ཅད་སྦྱིན་བྱེད་པ།། སྡུག་བསྔལ་ཐམས་ཅད་འཇིག་བྱེད་པ།། ཐམས་ཅད་མཁྱེན་པ་ཉིད་ཀྱི་གཞི།། དཔལ་ཀུན་གྱིས་ནི་ལེགས་བརྒྱན་པ།། བྱིན་གྱི་རླབས་དེ་བརྗོད།།
385b5 པར་བྱ།། སེམས་ཅན་གང་དག་དབང་པོ་ཉ་མས།། ཚེ་ཟད་པ་དང་ཚེ་ཉམས་དང་།། ཕུན་སུམ་ཚོགས་མིན་གང་ཆགས་དང་།། ལྷ་རྣམས་རྒྱབ་ཀྱིས་ཕྱོགས་པ་དང་།། མཛའ་སྡུག་སྐྱེ་བོ་སྡང
385b6 བ་དང་། ། བྲམ་ཟེ་ལ་སོགས་གཙེས་པ་དང་།། ཕན་ཚུན་མཐུན་པ་མ་ཡིན་དང་།། ནོར་འགྲིབས་པ་དང་གནོད་པ་དང་།། མྱ་ངན་ངལ་དང་གནོད་པ་དང་།། འཇིགས་པ་དང་ནི་ཕོངས་པ་དང་།།
385b7 གཟའ་དང་རྒྱུ་སྐར་བྱང་སྟེམས་དང་།། མི་བཟད་གདོན་གྱིས་ཉེན་པ་དང་།། མྱ་ངན་ངལ་ལས་བྱུང་བ་ཡི།། རྨི་ལམ་སྡིག་པ་མཐོང་ན་ཡང་།། དེས་ནི་རབ་བཀྲུས་གཙང་མ་ཡིས།། མདོ་སྡེ




iiif viewer powered by OpenSeadragon

385a - 386a

Texts on this page

S288 - 'phags pa gser 'od dam pa mdo sde'i dbang po'i rgyal po zhes bya ba theg pa chen po'i mdo