e-texts navigator
Collection
Volume
Page
Wylie

269a1 ལྷའི་ལོ་རྒྱུས་མྱོང་བ་དག་དགེ་བ་མ་བྱས་ཀྱང་སྐྱེ་བ་ཐམས་ཅད་དུ་ལྷར་སྐྱེ། ངན་སོང་གི་སྡུག་བསྔལ་མྱོང་བ་དག་མི་དགེ་བ་མ་བྱས་ཀྱང་སྐྱེ་བ་ཐམས་ཅད་དུ་ངན་སོང་དུ་སྐྱེའོ་ཞེས
269a2 ཟེར་བ་དགག་པའི་ཕྱིར་མེ་ལོང་གི་དཔེ་བསྟན་ཏེ། མེ་ལོང་ལ་བཞིན་ཅི་འདྲ་བ་སྣང་བ་བཞིན་དུ་དགེ་བ་དང་མི་དགེ་བའི་འབྲས་བུ་འདྲ་བ་བསྣོལ་ནས་མི་འདྲ་བར་སྦྱོར་བ་འགལ་བའི་ཕྱིར་རོ།། སྒྲའི་དཔེལ་ནི
269a3 བྱེད་པ་པོས་བྱས་པ་མ་ཡིན་ཏེ། མིས་སྐད་མ་བསྒྲགས་པར་བྲག་ཆ་མི་འབྱུང་བ་བཞིན་དུ། བྱེད་པ་པོས་མ་བྱས་པར་སེམས་ཅན་རྣམས་མི་སྐྱེའོ་ཞེས་ཟེར་བ་དེ་བསལ་བའི་ཕྱིར་སྐྱུར་གྱི་དཔེ་བསྟན་ཏེ།
269a4 སྔར་འཐུངས་པ་དང་ཟ་མྱོང་བའི་ཕྱིར་བརྗོད་པས་འགྲམ་ཆུ་ལྡང་བ་བཞིན་དུ། ལས་དང་ཉོན་མོངས་པ་སྔར་སྤྱད་པའི་དབང་གིས་ཕྱིས་སྐྱེ་བ་ལེན་ནོ།། ཀྱེ་རྒྱལ་པོ་ཆེན་པོ་སེམས་ཅན་སྐྱེ་བ་དང
269a5 འཇིག་རྟེན་འདི་དང་། ཕ་རོལ་ཏུ་འཕོ་བ་དང་། ཇི་ལྟར་འགྱུར་བ་དག་ནི་དེ་ལྟར་མཁྱེན་པར་མཛོད་ཅིག། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་ལ། འཁོར་འདུས་པ་ཐམས་ཅ
269a6 ཡི་རངས་ཏེ་མངོན་པར་བསྟོད་དོ། ། འཆི་འཕོ་བ་ཇི་ལྟར་འགྱུར་བ་བསྟན་པའི་མདོ་རྫོགས་སོ།། །། བསྟན་པ་སྔ་ངར་བའི་ཚེ་འགྱུར་བ་ལས་སྐད་གསར་བཅད་ཀྱིས་མ་བརྩོ
269a7 པའོ། ། རྒྱ་གར་སྐད་དུ། ཨཱརྱ་མ་ཧཱ་པ་རི་ནི་ར་བཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ




iiif viewer powered by OpenSeadragon

268b - 269b

Texts on this page

S284 - tshe 'pho ba ji ltar 'gyur ba zhus pa'i mdo
S285 - 'phags pa yongs su mya ngan las 'das pa chen po'i mdo