e-texts navigator
Collection
Volume
Page
Wylie

254a1 དགེ་སློང་རྣམས་དང་དགེ་ཚུལ་གྱིས།། དུས་རྣམས་རྟག་ཏུ་བརྡུང་བ་སྟེ།། གསོ་སྦྱིན་ལ་ནི་གནས་པའི་ཚེ།། དགེ་བསྙེན་གྱིས་ཀྱང་བརྡུང་བར་བྱ།། མཚན་ཉིད་ཐམས
254a2 ཅད་རྫོགས་པ་དང་། ། ཀླུ་བདུན་གྱིས་ནི་བརྒྱན་པར་བྱ།། རྒྱལ་པོ་གང་ཚེ་ཡུལ་འཁོར་དུ།། གཎྜཱི་དེ་ནི་གྲོགས་གྱུར་པ།། དེར་ནི་དཔལ་དང་གྲགས་པ་དང་།། འདོད་པ་དང་ན་ལོ་ལེགས་འགྱུར།།
254a3 ཕ་རོལ་དཔུང་གི་འཇིགས་མེད་ཅིང་།། འབྲུ་རྣམས་ཀྱང་ནི་ཉམས་མི་འགྱུར།། སངས་རྒྱས་བྱིན་རླབས་འབྱོར་པ་ཡིས།། དེར་ནི་བདུད་རྣམས་འདུལ་བར་འགྱུར།། ཆོས་ཀྱི་རྔ་ནི་སྲིད་རྩེར་བཅས།། །
254a4 ཀུན་ནས་རབ་ཏུ་གཡོ་བར་འགྱུར།། དམྱལ་དང་ཡི་དགས་འཇིག་རྟེན་རྣམས།། འཇིག་པར་འགྱུར་བར་ཐེ་ཙོམ་མེད།། ཐམས་ཅད་སངས་རྒྱས་རྟག་དད་ཅིང་།། ཐམས་ཅད་ཆོས་ལ་གཞོལ་བར
254a5 འགྱུར། དེར་ནི་དགེ་འདུན་འདུལ་བར་ལྡན།། མཁས་པ་རྣམས་ཀྱང་འཕེལ་བར་འགྱུར།། འདོད་ཆགས་ཞེ་སྡང་གཏི་མུག་རྣམས།། དེར་ནི་ནུབ་པར་གྱུར་པ་ཡིན།། རྒྱལ་པོ་ཚེ་རིང་ཆོས
254a6 ལྡན་ཞིང་། ། བདེ་བ་དག་དང་ལྡན་པར་འགྱུར།། རྒྱལ་པོ་གཙུག་ལག་ཁང་ཀུན་ཏུ།། ཆོས་ཀྱི་རྔ་ནི་བརྡུངས་པ་ཡི།། སྒྲ་ནི་གང་གི་རྣ་བ་ཡི།། ལམ་དུ་དག་ནི་གྲགས་འགྱུར་ཅིང་།། དུས
254a7 བཞི་དག་ཏུ་ཐོས་པ་ནི། ། དེ་རྣམས་བྱང་ཆུབ་ཐོབ་པར་འགྱུར།། གང་ཞིག་སྙིང་ནས་ཡི་རང་བ།། དེ་ནི་གྲོལ་འགྱུར་ཐེ་ཙོམ་མེད།། གཎྜཱིའི་མདོ་ལས་ལན་ཅིག་ཐོས།། མི་དེ་སྐྱེ་བ་དྲན་པར




iiif viewer powered by OpenSeadragon

253b - 254b

Texts on this page

S282 - gaN DI'i mdo