| | e-texts navigator
|
250b1 གྱིས་སྡུག་བསྔལ་ལས་ཐར་པར་གྱུར་ཏོ། ། ད་བདག་ནམ་འཚོའི་བར་དུ་སློབ་དཔོན་གྱི་བསྙེན་བཀུར་བྱ་བའི་ཕྱིར་དགེ་ཚུལ་བྱའི། བསྙེན་པར་རྫོགས་པར་མི་བྱའོ་སྙམ་བསམས་སོ།།
250b2 དེའི་ཚེ་ཀུན་དགའ་བོས། བཅོམ་ལྡན་འདས་ལ་གསོལ་པ། དགེ་ཚུལ་འདིས་སྔོན་འདས་པའི་དུས་ན་སྡིག་པའི་ལས་ཅི་བགྱིས་པས་ཁྱིའི་ལུས་སུ་གྱུར། དགེ་བའི་རྩ་བ་ཅི་བགྱིས་ན་རྣམ་པར་གྲོལ
250b3 བར་གྱུར། བཅོམ་ལྡན་འདས་ཀྱིས། ཀུན་དགའ་བོ་ལ་བཀའ་སྩལ་པ། སྔོན་འདས་པའི་དུས་ན་སངས་རྒྱས་འོད་སྲུངས་ཀྱི་ཚེ། དགེ་སློང་དག་ཅིག་ལྷན་ཅིག་འཁོད་པ་ལས། དགེ་ཚུལ་གཞོན་ནུ
250b4 སྐད་སྙན་པ་ཞིག་ཡོད་དེ། བསྟོད་པ་དང་དབྱངས་བྱེད་ན་ཐམས་ཅད་ཐོས་པར་དགའ་འོ།། དེའི་ཚེ་ན་དགེ་སློང་རྒན་པོ་ཞིག་ཡོད་པ་སྐད་མི་སྙན་ཏེ། འོན་ཀྱང་བསྟོད་ར་དང་ཚིགས་སུ་བཅད་པ་དབྱངས
250b5 དང་བཅས་ཏེ་བྱེད་དོ། ། དགེ་སློང་རྒན་པོ་དེ་ནི་དགྲ་བཅོམ་པ་ཞིག་སྟེ། དགེ་སློང་གི་ཡོན་ཏན་ཐམས་ཅད་དང་ལྡན་ནོ།། དུས་གཞན་ཞིག་ན་དགེ་སློང་གཞོན་ནུ་དབྱངས་སྙན་པ་དེས། དགེ་སློང
250b6 རྒན་པོ་དབྱངས་མི་སྙན་པ་དེ་ལ། ཁྱོད་ཀྱི་དབྱངས་ནི་ཁྱི་སྐད་ཟུག་པ་དང་འདྲའོ་ཞེས་སྨང་བའི་ཚིག་སྨྲས་སོ།། དེ་ནས་དགེ་སློང་རྒན་པོ་དེས་དགེ་སློང་གཞོན་ནུ་ཁ་ཁྱོད་ཀྱིས་ང་ཤེས་སམ་ཞེས་དྲིས་ན
250b7 སྤྲས་པ་ཁོ་བོས་ཏེ་པོར་ཤེས་ཏེ་ཁྱོད་ནི་སངས་རྒྱས་འོད་སྲུངས་ཀྱི་ཚེ་དགེ་སློང་གནས་བརྟན་ཡིན་ནོ། ། སྨྲས་པ། བདག་ནི་དགྲ་བཅོམ་པ་སྟེ། དགེ་སྦྱོང་གི་ཡོན་ཏན་ཐམས་ཅད་དང་ལྡན་ནོ་ཞེས
iiif viewer powered by OpenSeadragon
250a - 251a