| | e-texts navigator
|
313b1 འདོད་ན་རབ་ཏུ་འཇོམས་པར་བྱེད་དོ། ། ཡང་འཇིག་རྟེན་པའི་སྔགས་མཐུ་དང་ལྡན་པ་ཐམས་ཅད་ཀྱིས་ནི་དགེ་སྦྱོང་གོའུ་ཏ་མའི་སྔགས་རབ་ཏུ་གཞོམ་པར་མི་ནུས་སོ།། དེ་ལྟ་བས་ན་དགེ་སྦྱོང་གོའུ་ཏ་མའི་སྔགས་ནི།
313b2 ཆོས་སྟོབས་དང་ལྡན་པ་ཡིན་ནོ།། དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ། རིམ་གྱིས་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་སྤྱི་བོས་གཏུགས་ནས་ཕྱོགས་གཅིག
313b3 འདུག་གོ། ཕྱོགས་གཅིག་ཏུ་འདུག་ནས།། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་གནས་སྐབས་དེ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས། ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་ཁྱེད།
313b4 ཀྱིས་ཡི་གེ་དྲུག་པའི་རིག་སྔགས་འདི་བསྟན་གྱིས་གཟུང་ལ་ཆོངས་ཤིག། ལྷོགས་ལ་ཀུན་ཏུ་བཟུང་ན། བདག་ཉིད་ལ་ཕན་པ་དང་བདེ་བར་འགྱུར་ཞིང་། དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ
313b5 བསྙེན་མ་རྣམས་ལ་ལེན་པ་དང་། བདེ་བ་ཐོབ་པར་འགྱུར་རོ།། ཀུན་དགའ་བོ་ཡི་གེ་དྲུག་པའི་རིག་སྔགས་ནི་འདི་ཡིན་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དྲུག་གིས
313b6 གསུངས་ཤིང་། རྒྱལ་པོ་ཆེན་པོ་བཞི་དང་། ལྷའི་དབང་པོ་བརྒྱ་བྱིན་དང་། མི་མཇེད་ཀྱི་བདག་པོ་ཚངས་པ་དང་། ད་ལྟར་ཡང་དག་པར་རྫོགས་པའི་སངས་རྒྱས་ངས་ཀྱང་གསུངས་པ་ཡིན་གྱིས།། དེ་ལྟ་བས་ན
313b7 ཁྱོད་ཀྱིས་ཟུང་ཞིག། ཐོན་ཅིག། ཀུན་ཏུ་ལྷོགས་ཤིག། འདི་ལྟ་སྟེ། ཨཎ་ཌ་རེ་ཀེ་ཡཱུ་རེ་དཱི་ཧ་སྟེ་ས་ར་གེ་བེ་བནྡྷ་མ་ཏི་དྷ་རི་བི་ཥ་ཙི་ལི་མི་ཡི་སཱདྷ་ནཱ་ཡུ་སྭཱ་ཐཱ་ཡ་སཾ་བྷ་གཱི་ལ་གོ་ལ་པ་ཏི་ཀ་ཌ་ཙི་ལ། ཀུན་དག
iiif viewer powered by OpenSeadragon
313a - 314a