e-texts navigator
Collection
Volume
Page
Wylie

313a1 ཞིང་འདི་སྐད་ཅེས་སྨྲས་སོ། ། བདག་གིས་ཉམ་ང་བའི་གནས་སྐབས་འདི་ཐོབ་ན་ད་ལྟར་བཅོམ་ལྡན་འདས་བདག་ལ་མི་དགོངས་སོ།། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན
313a2 དགའ་བོ་ལ་དགོངས་པར་མཛད་དོ། ། དགོངས་མ་ཐག་ཏུ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་སྔགས་ཀྱིས་གདོལ་པའི་སྔགས་ཉམས་པར་མཛད་དོ།། དེའི་སྔགས་ནི་འདི་ཡིན་ཏེ། སྠི་ཏི་ར་ཙུ་ཏི་ར་ཎི་སྭ
313a3 སརྦ་པྲཱ་ཎི་བྱཱ། ས་ར་པྲ་སཾ་ན་ནི་ཛ་ཤཾ་ཏཾ་སརྦ་ཏོ་པ་ཡི་ཨི་ཏ་ཡོ་ཡ་ཏྲ་ཤཱ་ཤྱ་དྷ་བྷ་ཡཱ་ནི་ཙ་ལི་ཏཱ་ནི་ལ་ཙ་ལི་ཏཱ་བེ་དེ་བ་ན་མ་ཤྱཾ་ཏི་སརྦ་སིདྡྷ་ཙ་ཡོ་ག་ནི་ཨ་ཏེ་ན་ས་ཏྱ་བཱ་ཀྱེ་ན་སྭ་སྟ་ཨ་ནན་ཏཱ་ཡ་བ་ཀྵཱ་བེ། དེ་ནས་ཚངང
313a4 ལྡན་པ་ཀུན་དགའ་བོ་གདོལ་པའི་རིག་སྔགས་བཀྲོལ་ནས། གདོལ་པའི་ཁྱིམ་ནས་བྱུང་ནས་རང་གི་གཙུག་ལག་ཁང་གང་ན་བ་དེར་འགྲོ་བར་བརྩམས་སོ།། གདོལ་པའི་བུ་མོ་གཟུགས་བཟང་མོས་མཐོང་ནས། ཚེ་དང
313a5 ལྡན་པ་ཀུན་དགའ་བོ་ལ་བལྟས་ནས་རང་གི་མ་ལ་འདི་སྐད་ཅེས་སྨྲས་སོ། ། ཀྱེ་ཡུམ་དགེ་སློང་ཀུན་དགའ་བོ་འདི་མཆི་ཞིང་གདའ་འོ།། དེའི་མས་སྨྲས་པ། བུ་ངེས་པར་དགེ་སྦྱོང་གོའུ་ཏ་མ་དྲན་པར་བྱས་པས། དེས་ན
313a6 བདག་གི་སྔགས་ཉམས་པར་གྱུར་ཏོ། ། གཟུགས་བཟང་མོས་སྨྲས་པ། ཡང་ཅི་ཡུམ་དགེ་སྦྱོང་གོའུ་ཏ་མས་སྔགས་ཁྱད་པར་དུ་སྟོབས་དང་ལྡན་པ་བདག་ཅག་གི་དེ་ལྟ་མ་ཡིན་ནམ། དེ་ལ་མས་སླར་སྨྲས་པ
313a7 བུ་དགེ་སྦྱོང་གོའུ་ཏ་མའི་སྔགས་ཁྱད་པར་དུ་སྟོབས་དང་ལྡན་པ་ཡིན་གྱི། བདག་ཅག་གི་ངོ་ལྟ་མ་ཡིན་ནོ།། བུ་འཇིག་རྟེན་ན་སྔགས་མཐུ་དང་ལྡན་པའི་སྔགས་གང་ཡིན་པ་དེ་དག་ཐམས་ཅད་དགེ་སློང་གོའུ་ཏ་མ




iiif viewer powered by OpenSeadragon

312b - 313b

Texts on this page

S278 - stag rna'i rtogs pa brjod pa