| | e-texts navigator
|
312b1 ། བཟང་མོས། མ་ལ་འདི་སྐད་ཅེས་སྨྲས་སོ།། གལ་ཏེ་དགེ་སྦྱོང་གོའུ་ཏ་མ་དེ་འདོད་ཆགས་དང་བྲལ་བ་ཡིན་ཡང་རུང་། དེའི་ཉེ་གནས་དགེ་སློང་ཀུན་དགའ་བོ་དེ་མ་བཀུག་ན་ལྕེབ་བོ།། གལ་ཏེ་དེ་ཁུགས་ན་ནི་བདག
312b2 འཚེ་བར་འགྱུར་རོ། ། མས་སྨྲས་པ། དགེ་སྦྱོང་ཀུན་དགའ་བོ་དགུག་གིས། སྲོག་མ་དོར་ཅིག། དེ་ནས་གདོལ་པའི་བུ་མོ་གཟུགས་བཟང་མོའི་མས་ཁང་པའི་དབུས་ལྕི་བས་བྱུགས་ནས་གྲུ་བཞིར་བྱས་ཏེ། དུར་བ་བརྔས
312b3 ནས་མེ་སྦར་ཞིང་། མེ་ཏོག་དང་ཨརྒ་བརྒྱ་རྩ་བརྒྱད་ལ་སྔགས་བཟླས་ནས་རེ་རེ་ནས་མེར་བསྒྱུར་རོ།། དེ་ལ་རིག་སྔགས་འདི་ཡིན་ཏེ། ཨ་མ་ལེ་བི་མ་ལེ་ཀུ་ཀུ་སུ་མ་མ་ན་ཡེ་ན་བནྡྷོ་སྨི་བིན་དུ་ན། ཨི་ཙུ་ཡཱ
312b4 དེ་བོ་བ་རི་ཤ་ཥ་ཏི་བི་དྱོཏ་ཏི་ག་ར་ཛ་ཏི་པསྨ་ཡ་པ་རཱ་ཛཱ་ཡ་མྦ་བྷི་བརྡྷ་ཡི་ཏུ་བེ་བྷྱོ་མ་མཱ་ནུ་ཥེ་བྷྱོ་གནྡྷར་བེ་བྷྱཿཤི་ཀི་ཁཾ་གྲ་ཧ་དེ་བཱ་བི་ཤི་ཀི་གྲ་ཧ་དོ་པ་ཨ་ནན་ཏ་སྱ་ཨཱ་ག་མ་ནཱ་ཡ་ཛུ་ཧོ་མ་སྭཱཧཱ། དེ་ནས་ཚེ་དང་ལྡན་པ་ཀུན
312b5 དགའ་བོ་སེམས་གཡོས་ཏེ། གཙུག་ལག་ཁང་དེ་ནས་ལངས་ནས་གདོལ་པའི་ཁྱིམ་གང་ན་བ་དེར་སོང་ངོ་།། དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་རྒྱང་རིང་མོ་ནས་འོང་བ་གདོལ་པ་མོས་མཐོང་ངོ་།། མཐོང་ནས་ཀྱང
312b6 གཟུགས་བཟང་མོ་ལ་འདི་སྐད་ཅེས་སྨྲས་སོ། ། བུ་འོང་བ་འུ་ནི་དགེ་སྦྱོང་ཀུན་དགའ་བོ་ཡིན་གྱིས་ཤེས་པར་གྱིས་ཤིག། དེ་ནས་གདོལ་པའི་བུ་མོ་གཟུགས་བབྲང་མོ་དགའ་ཞིང་མགུ་ལ་ཡི་རངས་ཏེ། ཚེ་དང་ལྡན་པ
312b7 ཀུན་དགའ་བོའི་མལ་བཤམས་སོ། ། དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་གདོལ་པའི་ཁྱིམ་གང་ན་བ་དེར་སོང་སྟེ་ཕྱིན་ནས། སྟེགས་བུ་ལ་བརྟེན་ནས་ཕྱོགས་གཅིག་ཏུ་འདུག་སྟེ། ཚེ་དང་ལྡན་པ་ཀུན་དགའ་བོ་དུ
iiif viewer powered by OpenSeadragon
312a - 313a