e-texts navigator
Collection
Volume
Page
Wylie

52b1 གང་བ་ལྔ་བརྒྱ་སྒོ་ན་གནས་པ་དང་། ཅུང་ཟད་བསམས་པ་ཙམ་གྱིས་ཆོས་གོས་དང་། བསོད་སྙོམས་དང་། མལ་སྟན་དང་། ནད་ཀྱི་རྐྱེན་སྨན་དང་། ཡོ་བྱད་རྣམས་འབྱུང་བ་ལ་སྤྱོད་པ
52b2 དེ་པདྨའི་ཤིང་རྟས་འོངས་པ་འདི་ཡིན་ནོ། ། བར་སྐབས་དེར་ཚེ་དང་ལྡན་པ་གང་པོས་ནམ་མཁའ་ལྡིང་གི་ཤིང་རྟ་མངོན་པར་སྤྲུལ་ཏེ། རྫུ་འཕྲུལ་གྱིས་སྟེང་གི་ནམ་མཁའ་ལས་འོང་ངོ་།། དེ་ནས
52b3 ཁྱིམ་བདག་དེས་དྲིས་པ། མ་ག་དྷ་བཟང་མོ་ནམ་མཁའ་ལྡིང་གི་ཤིང་རྟས་འོང་བ་འདི་ཁྱོད་ཀྱི་སྟོན་པ་ཡིན་ནམ། དེས་དེ་ལ་སྨྲས་པ། འདི་ནི་དགེ་སློང་གང་པོ་ཞེས་བྱ་བ་བཅོམ་ལྡན་འདས་ཀྱིས
52b4 ཆོས་སྟོན་པ་རྣམས་ཀྱི་མཆོག་ཏུ་བསྟན་པ་དེ་ནམ་མཁའ་ལྡིང་གི་ཤིང་རྟས་འོང་བ་འདི་ཡིན་ནོ། ། བར་སྐབས་དེར་ཚེ་དང་ལྡན་པ་རྟ་ཐུལ་སྤྱོད་ལམ་རབ་ཏུ་ཞི་བས་འོང་ངོ་།། དེ་ནས་ཁྱིམ་བདག་དེས།
52b5 དེ་ལ་དྲིས་པ། མ་ག་དྷ་བཟང་མོ་གང་ལྷུང་བཟེད་ལག་ན་ཐོགས་ཏེ་སྤྱོད་ལམ་རབ་ཏུ་ཞི་བས་འོང་བ་དེ་ཁྱོད་ཀྱི་སྟོན་པ་དེ་ཡིན་ནམ། དེས་དེ་ལ་སྨྲས་པ། འདི་ནི་དགེ་སློང་རྟ་ཐུལ་ཞེས་བྱ་བ་ཡིན
52b6 ཏེ། འདིའི་སྤྱོད་ལམ་རབ་ཏུ་ཞི་བས། གླང་པོ་ཆེ་སྨྱོན་པ་བཏུལ་བ་དང་། འདིའི་སྤྱོད་ལམ་རབ་ཏུ་ཞི་བ་མཐོང་བས། འཕགས་པ་ཤཱ་རིའི་བུས་བདེན་པ་མཐོང་བར་གྱུར་ཏེ། དེ་མངོན
52b7 པར་བྱུང་ནས་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ངོ་། ། རབ་ཏུ་བྱུང་ནས་ཀྱང་དགྲ་བཅོམ་པ་ཉིད་ཐོབ་དེ་སྤྱོད་ལམ་རབ་ཏུ་ཞི་བས་འོང་བ་འདི་ཡིན་ནོ།། བར་སྐབས་དེར་ཆེ




iiif viewer powered by OpenSeadragon

52a - 53a

Texts on this page

S256 - ma ga d+hA bzang mo'i rtogs pa brjod pa