e-texts navigator
Collection
Volume
Page
Wylie

52a1 རྟས་འོངས་པ་འདི་ཡིན་ནོ། ། དེའི་རྗེས་ཐོག་ཉིད་ལ་ཚེ་དང་ལྡན་པ་མོའུ་འགལ་གྱི་བུ་ཆེན་པོས། གླང་པོ་ཆེས་སྲུངས་འདྲ་བའི་གླང་པོ་ཆེའི་རྒྱལ་པོར་མངོན་པར་སྤྲུལ་ཏེ།
52a2 སྟེང་གི་ནམ་མཁའ་ལ་རྫུ་འཕྲལ་གྱིས་འོངས་སོ།། དེ་ནས་ཁྱིམ་བདག་དེས་དེ་མཐོང་ནས། མ་ག་དྷ་བཟང་མོ་ལ་དྲིས་པ།། གང་གླང་པོ་ཆེས་སྲུངས་འདྲ་བའི་གླང་པོས་འོང་བ་འདི་ཁྱེད་ཀྱི་སྨོན
52a3 པ་དེ་ཡིན་ནམ། དེས་དེ་ལ་སྨྲས་པ། འདི་ནི་དགེ་སློང་མོའུ་འགལ་གྱི་བུ་ཆེན་པོ་ཞེས་བྱ་བ་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ཏུ་བསྟན་པ་སྟེ། འདིའི་རྫུ་འཕྲུལ
52a4 གྱིས་ལྷའི་དབང་པོ་བརྒྱ་བྱིན་གྱི་རྣམ་པར་རྒྱལ་བའི་ཁང་བཟང་རྐང་པའི་མཐེ་བོས་ཀུན་ཏུ་བསྐུལ་བ་དང་། འདིས་ཀླུའི་རྒྱལ་པོ་དགའ་བོ་དང་། ཉེ་དགའ་བོ་གཉིས་བཏུལ་བ་དེ། གླང་པོའི་ཤིང་རྟས
52a5 འོང་བ་འདི་ཡིན་ནོ། ། བར་སྐབས་དེར་ཚེ་དང་ལྡན་པ་མ་འགགས་པས་ཤིང་རྟའི་འཕང་ལོ་ཙམ་གྱི་པདྨ་ཐམས་ཅད་གསེར་ལས་བྱས་པ། བཻ་ཌཱུཪྻའི་སྡོང་བུ་ཅན། དངུལ་གྱི་གེ་ས་ར་དང་ལྡན་པར
52a6 མངོན་པར་སྤྲུལ་ཏེ། རྫུ་འཕྲུལ་གྱིས་ནམ་མཁའ་ལས་འོང་ངོ་།། དེ་ནས་ཁྱིམ་བདག་དེས་དེ་མཐོང་བ་དང་དྲིས་པ། མ་ག་དྷ་བཟང་མོ་འདི་ཁྱོད་ཀྱི་སྟོན་པ་དེ་ཡིན་ནམ། དེས་དེ་ལ་སྨྲས་པ།
52a7 འདི་ནི་དགེ་སློང་མ་འགགས་པ་ཞེས་བྱ་བ་བཅོམ་ལྡན་འདས་ཀྱིས་ལྷའི་མིག་དང་ལྡན་པ་རྣམས་ཀྱི་མཆོག་ཏུ་བསྟན་པ་དེ། འདི་ནི་བསོད་ནམས་ཀྱི་སྟོབས་ཀྱིས་ཡོངས་སུ་བཟུང་བས་སྣོད་ཚོལ་བས




iiif viewer powered by OpenSeadragon

51b - 52b

Texts on this page

S256 - ma ga d+hA bzang mo'i rtogs pa brjod pa