| | e-texts navigator
|
51a1 པར་མི་བྱ་སྙམ་ནས། དེས་ཀྱང་དུས་དེ་ཉིད་དུ་རྫུ་འཕྲུལ་བསྐྱེད་པ་དང་། ཇི་སྲིད་དུ་ཚུལ་ཤིང་གཉིས་པ་མ་བྲིམས་པ་དེ་སྲིད་དུ། དེས་གླང་པོ་ཆེའི་སྣ་འདྲ་བའི་ལག་པ
51a2 བརྐྱང་སྟེ་ཚུལ་ཤིང་བླངས་སོ། ། ཇི་ཙམ་ན་ཚེ་དང་ལྡན་པ་ཀུན་དགའ་བོས་རྒན་པའི་མཐའ་ལོགས་སུ་འདུག་སྟེ་སྨྲས་པ། གང་གིས་རྫུ་འཕྲུལ་གང་ཐོབ་པ་དེས་བུ་རམ་ཤིང་འཕེལ་ཞེས་བྱ་བའི
51a3 གྲོང་ཁྱེར་དུ་འགྲོ་བར་བྱའོ། ། དེ་ནས་ཉི་མ་གཉིས་པ་ལ་ནམ་ནངས་ཏེ། དགེ་སློང་རྣམས་རྫུ་འཕྲུལ་གྱི་རྣམ་པར་འཕྲུལ་པས་ཡང་དག་པར་ཆས་སོ།། དེ་ནས་རྒྱལ་པོ་ཆེན་པོ་བཞི་ཡང་མཉན
51a4 ཡོད་གང་ན་བ་དེར་མངོན་པར་ལྟ་བར་སེམས་སོ། ། ཇི་ཙམ་ན་བར་སྐབས་དེར་ཀུན་ཤེས་ཀོའུ་དི་ནྱ་ཞེས་བྱ་བ་རྟའི་ཤིང་རྟ་ལ་ཞོན་ཏེ། གློག་འགྱུར་བའི་སྣང་བ་སྟོན་ཅིང་དལ་བུས་ཆར་རབ་ཏུ་འབབ།
51a5 ཏེ། དེ་ལྟ་བུའི་རང་གི་རྫུ་འཕྲུལ་རྣམ་པར་སྟོན་ཅིང་འོང་ངོ་།། དེ་ནས་མ་ག་དྷ་བཟང་མོའི་བདག་པོས་དེ་མཐོང་བ་དང་དྲིས་པ། མ་ག་དྷ་བཟང་མོ་འདི་ཁྱོད་ཀྱི་སྟོན་པ་དེ་ཡིན་ནམ། དེས་སྨྲས་པ།
51a6 འདི་ནི་ཀུན་ཤེས་ཀོའུ་དི་ནྱ་ཞེས་བྱ་བ་ཡིན་ཏེ། འདི་ནི་བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་དང་པོ་བསྐོར་བ་ན་འདིས་ཐོག་མར་བདག་མེད་པ་མངོན་སུམ་དུ་བྱས་པ་དེ་ཐོག་མར་འོངས་པ
51a7 འདི་ཡིན་ནོ། ། བར་སྐབས་དེར་གནས་བརྟན་འོད་སྲུངས་ཆེན་པོས་བྲག་གི་རིན་པོ་ཆེན་པོ་ཤིང་སྣ་ཚོགས་པ་རྣམ་པ་བརྒྱས་ཁྱབ་པ། བྱ་རྣམ་པ་སྣ་ཚོགས་ཀྱིས་ཁྱབ་པ། མེ་ཏོག་སྣ་ཚོགས
iiif viewer powered by OpenSeadragon
50b - 51b