| | e-texts navigator
|
50b1 ག་ལས་མཆིས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་དཔག་ཚད་བརྒྱ་དྲུག་ཅུ་རྩ་གསུམ་ན་བུ་རམ་ཤིང་འཕེལ་གྱི་གྲོང་ཁྱེར་ཡོད་པ་ནས་འོངས་སོ།། ཀུན་དགའ་བོ་གྲོང་ཁྱེར
50b2 དེ་ནི་མུ་སྟེགས་པ་རྣམས་ཀྱིས་བཟུང་བ་ཡིན་པས། རྫུ་འཕྲུལ་གྱི་རྣམ་པར་འཕྲུལ་པས་འགྲོ་བར་བྱའོ་ཞེས་དགེ་སློང་རྣམས་ལ་ཚུལ་ཤིང་བྲིམས་ཤིག། ཇི་ཙམ་ན་ཚེ་དང་ལྡན་པ་ཀུན་དགའ
50b3 བོས་རྒན་པའི་གནས་མཐའ་ནས་བཟུང་ནས་ཚུལ་ཤིང་བྲིམས་ཏེ། དེ་སྐད་ཅེས་སྨྲས་ཏེ། སང་བུ་རམ་ཤིང་འཕེལ་གྱི་གྲོང་ཁྱེར་དུ་འགྲོ་བར་བྱ་སྟེ། གྲོང་ཁྱེར་དེ་ནི་མུ་སྟེགས་པ་རྣམས་ཀྱིས
50b4 ཡོངས་སུ་བཟུང་བས། ཁྱེད་ཅག་རྣམས་ལས་གང་རྫུ་འཕྲུལ་ཐོབ་པ་དེས་ཚུལ་ཤིང་ལོང་ཞིག། ཇི་སྲིད་ཅིག་ན་རྒན་པའི་མཐའ་ནས་ཚུལ་ཤིང་ལེན་པར་བརྩམས་སོ།། དེ་ཡང་དེ་ན་པཱུར་ན
50b5 ཀུན་ད་ཨུ་པ་ད་ན་ཞེས་བྱ་བའི་གནས་བརྟན་ཡོད་དེ། དེར་ཡང་རྫུ་འཕྲུལ་མ་ཐོབ་པར་ལག་པ་བརྐྱང་སྟེ། ཚུལ་ཤིང་ལེན་པར་བརྩམས་པ་དང་། དེ་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་སྨྲས་པ་དང་།
50b6 གནས་བརྟན་མགོན་མེད་ཟས་སྦྱིན་གྱི་ཁྱིམ་དུ་འཇུག་པ་མ་ཡིན་གྱི། གཞན་དུ་ན་དཔག་ཚད་བརྒྱ་དྲུག་ཅུ་རྩ་གསུམ་ན་བུ་རམ་ཤིང་འཕེལ་ཞེས་བྱ་བའི་གནས་ཡོད་དེ་དེར་འགྲོ་དགོས་སོ།། དེ་འདི
50b7 སྙམ་དུ་སེམས་ཏེ། ངས་ནི་ཐོག་མ་མེད་པའི་དུས་ན་གོམས་པའི་ཉོན་མོངས་ནི་སྤངས་ནས། མུ་སྟེགས་པ་རྣམས་དང་ཐུན་མོང་དུ་གྱུར་པའི་རྫུ་འཕྲུལ་ལྟ་ཞིག་དཀའ་བ་ཅི་ཞིག་ཡོད་ནས་བསྐྱེད
iiif viewer powered by OpenSeadragon
50a - 51a