| | e-texts navigator
|
50a1 རྣམས་འཐོར་ཞིང་སྤོས་ཀྱང་གཏུལ་ནས། གསེར་གྱི་བུམ་པའི་ཆུས་བཅོམ་ལྡན་འདས་སྤྱན་དྲང་བའི་ཕྱིར། གསེར་གྱི་བུམ་པའི་ཆུ་ཡང་སྦྲེངས་སོ།། སྙིང་རྗེ་བའི་ཚིག
50a2 འདི་སྐད་ཅེས་སྨྲས་ཏེ། བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་དང་ལྡན་པ། བདག་ནི་རི་དགས་དང་འདྲ་བར་གྱུར་ཅིང་མཐའ་འཁོབ་ན་མཆིས་ཏེ། དཀོན་མཆོག་གསུམ་དང་བྲལ་བར་གྱུར་པ་ལ
50a3 རྗེས་སུ་བཟུང་བར་མཛད་ཅིང་། དགེ་སློང་གི་དགེ་འདུན་དང་བཅས་པར་འདིར་གཤེགས་པར་མཛད་དུ་གསོལ། ཡང་འདི་སྐད་ཅེས་ཀྱང་སྨྲས་ཏེ། ཚུལ་ཁྲིམས་རྣམ་དག་ཤེས་རབ་ཤིན་ཏུ་དག།
50a4 དང་ལྡན་སྙིང་པོ་ཉན་ཐོས་ཆེ་རྣམས་ཀྱིས།། མགོན་མེད་གྱུར་པ་བདག་ལ་རྗེས་བཟུང་བའི།། དོན་མཛད་ཐུགས་རྗེས་གཤེགས་པར་མཛད་དུ་གསོལ།། ཇི་ཙམ་ན་མེ་ཏོག་དང་། སྤོས་དང་།།
50a5 གསེར་གྱི་བུམ་པའི་ཆུའང་ནམ་མཁའ་ལས་འཕགས་པར་གྱུར་ཏོ།། བཅོམ་ལྡན་འདས་ཀྱང་དེའི་ཚེ་ནང་དུ་ཡང་དག་འཇོག་ལས་བཞེངས་ནས། འཁོར་རྣམ་པ་བཞི་ལ་ཆོས་སྟོན་ཏོ།། གསེར
50a6 གྱི་བུམ་པའི་ཆུ་དེ་ཡང་བཅོམ་ལྡན་འདས་ཀྱི་སྤྱན་སྔར་བཻ་ཌཱུཪྻའི་སྡོང་བུ་བཞིན་དུ་རྣམ་པར་གནས་སོ། ། མེ་ཏོག་དེ་བཅོམ་ལྡན་འདས་ཀྱི་སྟེང་གི་ནམ་མཁའ་ལ་ཁང་པ་བརྩེགས་པ་བཞིན་དུ་གནས་སོ།།
50a7 དྲི་དང་སྤོས་ཀྱང་སྤྲིན་བརྩེགས་པ་བཞིན་དུ་གནས་པར་གྱུར་ཏོ།། དེ་ནས་དེ་མཐོང་བ་དང་། ཚེ་དང་ལྡན་པ་ཀུན་དགའ་བོས། བཅོམ་ལྡན་འདས་ལ་གསོལ་པ། བཅོམ་ལྡན་འདས་སྨན་འདྲེན་པ་འདི
iiif viewer powered by OpenSeadragon
49b - 50b