e-texts navigator
Collection
Volume
Page
Wylie

46b1 སྐྱེད་མོས་ཚལ་འདིའི་དབུས་སུ་ཡང་མཆོད་རྟེན་ཆེན་པོ་མཆོད་རྟེན་ཐམས་ཅད་ལས་ཁྱད་པར་དུ་འཕགས་པ་བྱུང་བར་གྱུར་ནས། སེམས་ཅན་གང་ན་ལུས་ངལ་བ་མཆོད་རྟེན་ཆེན་པོ་ལ་ཕྱག་འཚལ་དུ
46b2 འོང་བར་གྱུར་ཅིག། དེ་རྣམས་ཀྱི་མཆོད་རྟེན་ཐམས་ཅད་ལས་ཁྱད་པར་དུ་འཕགས་པ་སྐུ་གདུང་འཇོག་པ་དེ་མཐོང་བས་ངལ་བ་མེད་པར་གྱུར་ཅིག། ངལ་བ་མེད་པར་གྱུར་ནས། ངའི་མཆོད་རྟེན
46b3 ལ་སྐྱེ་བོའི་ཚིགས་འོངས་ནས་མཆོད་པ་བྱེད་ན་མཐོ་རིས་དང་ཐར་པ་ལ་གཞོལ་བར་ཡང་གྱུར་ཅིག་ཅེས་སྨྲས་ནས། ཙམ་པ་ཀའི་ཤིང་ལ་གཙུག་ཕུང་བཅིངས་ནས་བྲམ་ཟེ་ལ་བོས་ཏེ་སྨྲས་པ། བྲམ
46b4 ཟེ་ཆེན་པོ་ཚུར་ཤོག། བགེགས་མ་བྱེད་པར་ངའི་མགོ་བྲེགས་ལ་ཁྱེར་ཅིག། དེ་ནས་རྒྱལ་པོ་ཟླ་འོད་རང་ཉིད་ཀྱི་ལུས་ཀྱི་མཐུ་དང་སྟོབས་ཡང་དག་པར་སྐྱེད་ནས་བྲམ་ཟེ་དེ་ལ་སྙིང་རྗེ་ཆེན་པོ་ལྷན
46b5 ཅིག་ཏུ་འགྲོ་བ་དང་། འབྱུང་བའི་བྱམས་པའི་སེམས་བསྐྱེད་ནས་མགོ་བཅད་དེ། བྲམ་ཟེ་དྲག་པོའི་མིག་ལ་བྱིན་ནོ།། དུས་བྱས་པ་དང་།། ཚངས་པའི་འཇིག་རྟེན་ལས་ཤིན་ཏུ་འདས་ནས།
46b6 ཕུལ་དུ་བྱུང་བའི་དགེ་རྒྱས་ཀྱི་ནང་དུ་སྐྱེས་སོ།། དགེ་སློང་དག་དེ་ནས་མགོ་ཡོངས་སུ་བཏང་མ་ཐག་ཏུ་ཡང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་འགུལ། རབ་ཏུ་འགུལ
46b7 ལྡེག། རབ་ཏུ་ལྡེག། གཡོས། རབ་ཏུ་གཡོས་ཏེ། ནམ་མཁའི་དཀྱིལ་ན་མངོན་པར་གནས་པའི་ལྷ་རྣམས་ཀྱང་ཨ་ལ་ལ་ཞེས་སྦ་བསྤགས་སོ།། བར་སྣང་གི་ལྷ་རྣམས་ཀྱང་ལྦ




iiif viewer powered by OpenSeadragon

46a - 47a

Texts on this page

S255 - zla 'od kyi rtogs pa brjod pa