| | e-texts navigator
|
45b1 ཅེས་སྨྲས་སོ། ། ལྷའི་དབུ་བདག་གིས་གཅོད་པར་རྔོ་མ་ཐོག་གོ།། དེ་སྐད་ཅེས་སྨྲས་པ་དང་། རྒྱལ་པོ་ཟླ་འོད་རལ་གྲི་རྣོན་པོ་ཐོགས་ནས་སྐྱེད་མོས་ཚལ་དེར་གདན་དུ་ཐམས་ཅད་པའི་ཙམ་པ།
45b2 ཀའི་ཤིང་ཡོད་པ་དེར་སོང་ངོ་།། དེ་ནས་སྐྱེད་མོས་ཚལ་དེའི་ལྷ་མོས་རྒྱལ་པོ་ཟླ་འོད་ཚུལ་འདི་ལྟ་བུར་རང་ཉིད་ཡོངས་སུ་གཏོང་བ་ལ་ཞུགས་པར་ཤེས་ནས། ཆོ་ངེས་འདེབས་པར་བརྩོམ་ཞིང
45b3 འདི་སྐད་ཅེས་ཀྱང་སྨྲས་སོ། ། བྲམ་ཟེ་སྡིག་ཅན་ཁྱོད་དེ་ལྟར་རྒྱལ་པོ་ཟླ་འོད་ཉེས་པ་མེད་པ། གནོད་པ་མེད་པ། ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་པ་འདིའི་མགོ་ཇི་ལྟར་གཅོད་པར་བྱེད
45b4 དེ་ནས་རྒྱལ་པོ་ཟླ་འོད་ཀྱིས་སྐྱེད་མོས་ཚལ་གྱི་ལྷ་མོས་དེའི་ཕྱིར་བཟློག་སྟེ། ལྷ་མོ་ངའི་མགོ་སློང་བ་ལ་བར་ཆད་མ་བྱེད་ཅིག། དེ་ཅིའི་ཕྱིར་ཞེ་ན། ལྷ་མོ་སྔོན་བྱུང་བ་ན་ངའི་ཡན་ལག་གི་མཆོག
45b5 སློང་བ་ལ་ལྷ་མོ་ཞིག་གིས་བར་ཆད་བྱས་པས། ། ལྷ་མོའི་བསོད་ནམས་མ་ཡིན་པ་མང་པོ་སྐྱེས་ལ། ངས་ཀྱང་བླ་ན་མེད་པའི་ཡེ་ཤེས་ཡུན་རིང་པོ་ཞིག་གིས་ཐོབ་པར་འགྱུར་རོ།། ལྷ་མོ་ངས
45b6 ནོར་བུ་རིན་པོ་ཆེའི་སྙིང་པོའི་སྐྱེད་མོས་ཚལ་འདི་ཉིད་མགོ་སྟོང་སྙེད་ཡོངས་སུ་གཏོང་བ་བྱས་ནས། ང་ལ་སུས་ཀྱང་བར་ཆད་མ་བྱས་སོ།། དེ་བས་ན་ལྷ་མོ་ཁྱོད་ཀྱིས་ངའི་ཡན་ལག་གི་མཆོག
45b7 སློང་བ་ལ་བར་ཆད་མ་བྱེད་ཅིག། ལྷ་མོ་གང་དུ་ངས་སྟག་མོ་ལ་བདག་ཉིད་ཡོངས་སུ་གཏོང་སྟེ། ལུས་ཡོངས་སུ་གཏོང་བ་གཅིག་གིས་བྱང་ཆུབ་སེམས་དཔའ་བྱམས་པ་བསྐལ་པ་བཞི
iiif viewer powered by OpenSeadragon
45a - 46a