| | e-texts navigator
|
37a1 འདི་ལྟར་སེམས་པར་གྱུར་ཏེ། ངས་སྦྱིན་པ་འདི་ཙམ་ཞིག་བྱིན་པ་ཙམ་གྱིས་ཅི་ཞིག་བྱ་སྟེ། གོས་དང་། རྒྱན་དང་། ཆས་བཞག་རྣམས་ང་ཉིད་ཅི་འདྲ་བ་འཛམ་བུ་གླིང
37a2 བའི་མི་རྣམས་ཀྱང་དེ་དང་འདྲ་བར་རབ་ཏུ་བྱིན་ན། འཛམ་བུ་གླིང་བའི་མི་ཐམས་ཅད་རྒྱལ་པོའི་རྩེ་འཇོས་རྩེ་ཞིང་རོལ་པར་འགྱུར་རོ།། དེ་ནས་རྒྱལ་པོ་ཟླ་འོད་ཀྱིས་འཛམ་བུ་གླིང་བའི་མི་ཐམས་ཅད
37a3 ཁལ་ཅོད་པན་དང་། དར་དང་། གོས་དང་། རྒྱན་དང་། ཆ་བཞག་རྣམས་བྱིན་པ་ནི་འདི་ལྟ་སྟེ། མགུལ་གདུབ་དང་། གདུ་བུ་དང་། དཔུང་རྒྱན་དང་། དོ་ཤལ་དང་། སེ་མོ་དོ་དང་། མུ
37a4 ཏིག་གི་ཆུན་འཕྱང་དང་། རྒྱལ་པོ་ལ་འོས་པ་རྣམས་སྦྱིན་པ་རབ་ཏུ་སྦྱིན་ནོ།། དགེ་སློང་དག་རྒྱལ་པོ་ཟླ་འོད་ཀྱིས་རྒྱལ་པོ་ལ་འོས་པ། གོས་དང་། རྒྱན་དང་། ཅོད་པན་དང་། དར་རྣམས་རབ་ཏུ
37a5 བྱིན་པ་གང་གིས་ཇི་ལྟར་འཛམ་བུ་གླིང་བའི་མི་ཐམས་ཅད་ཅོད་པན་ཐོགས་ཤིང་། དར་དབྱངས་འཆིང་བར་གྱུར་ཏེ། རྒྱལ་པོ་ཟླ་འོད་རྣམ་པ་ཅི་འདྲ་བར་གྱུར་པ། འཛམ་བུའི་གླིང་གི་མི་ཐམས་ཅད
37a6 ཀྱང་དེ་དང་བར་གྱུར་ཏེ། དེ་ལྟར་རབ་ཏུ་བྱིན་ནོ།། དགེ་སློང་དག་རྒྱལ་པོ་ཟླ་འོད་ཀྱིས་རྒྱལ་པོའི་ཕོ་བྲང་རྡོ་བཟངས་སུ་དྲིལ་བསྒྲགས་ཏེ། འཛམ་བུ་གླིང་གི་མི་ཁྱེད་ཐམས་ཅད་ཇི་སྲིད་འཚོའི་བར་དུ
37a7 རྒྱལ་པོའི་རྩེ་འཇོས་རྩེ་ཞིང་རོལ་ཅིག་ཅེས་བསྔགས་སོ། ། དགེ་སློང་དག་དེ་ནས་རྒྱལ་པོ་ཟླ་འོད་ཀྱིས་དྲིལ་བསྒྲགས་པ། འཛམ་བུ་གླིང་གི་མི་ཐམས་ཅད་ཀྱིས་ཐོས་པ་དང་། ཐམས་ཅད་རྒྱལ
iiif viewer powered by OpenSeadragon
36b - 37b