| | e-texts navigator
|
36a1 ཟླ་འོད་ཀྱིས་འཛམ་བུའི་གླིང་གི་མི་རྣམས་ལ་དཔྱ་དང་། ཤོ་ག་མ་དང་། གྲུབཙས་མེད་དེ། ཞིང་གི་འབྱོར་པ་དང་ལྡན་པ། སྐྱེ་བོ་རྣམས་ཞི་བ་དང་། ཁྱིམ་བྱའི་སྒྲ་དང་ལྡན
36a2 པ། གྲོང་དང་། གྲོང་ཁྱེར་དང་། གྲོང་རྡལ་གྱི་སྐྱེ་བོའི་ཚོགས་དང་། རྒྱལ་པོ་དང་། རྒྱལ་རིགས་དང་ལྡན་པར་གྱུར་ཏོ།། དགེ་སློང་དག་ཡང་དེའི་ཚེ་དེའི་དུས་ན་འཛམ་བུའི་གླིང་གི་མི་རྣམས་ཀྱི་ཚེའི
36a3 ཆད་ལོ་བཞི་ཁྲི་བཞི་སྟོང་གན་གྱུར་ཏོ། ། དགེ་སློང་དག་རྒྱལ་པོ་ཟླ་འོད་ནི་བྱང་ཆུབ་སེམས་དཔར་གྱུར་ཏེ། ཐམས་ཅད་སྟེར་བ། ཐམས་ཅད་ཡོངས་སུ་གཏོང་བ་སྟེ། དེས་རྒྱལ་པོའི་ཕོ་བྲང་རྡོ་བཟངས
36a4 ནས་གྲོང་ཁྱེར་གྱི་ཤར་ཕྱོགས་སུ་གདུགས་དང་། རྒྱལ་མཚན་དང་། བ་དན་བསྒྲེང་སྟེ། གསེར་གྱི་རྔ་བོ་ཆེ་ཡང་དག་པར་བརྡུངས་ནས། སྦྱིན་པ་གཏོང་། བསོད་ནམས་ནི་བྱེད་དོ།། དེ་བཞིན་དུ་གྲོང
36a5 ཁྱེར་གྱི་ལྷོ་དང་། ནུབ་དང་། བྱང་དུ་ཡང་སྦྱིན་པ་ནི་གཏོང། བསོད་ནམས་ནི་བྱེད་དོ།། སུམ་མདོའི་དབུས་སུ་ཡང་སྦྱིན་པ་ནི་གཏོང་། བསོད་ནམས་ནི་བྱེད་དོ།། འདི་ལྟ་སྟེ། ཟས་འདོད
36a6 པ་རྣམས་ལ་ནི་ཟས། སོམ་འདོད་པ་རྣམས་ལ་ནི་སྐོམ། བཟའ་བ་དང་། བཅའ་བ་དང་། འཕྲེང་བ་དང་། མར་མ་དང་། ཇི་དང་། བྱུག་པ་དང་། མལ་དང་། སྤྱན་དང་། རྒྱབ
36a7 དང་། སྐྱེ་བ་རྣམས་ཀྱི་གནས་དང་། ཤིང་རྟ་དང་། སྤྲད་པ་དང་། རྒྱན་དང་། གསེར་སྣོད་དངུལ་གྱི་ཕྱེ་མས་ཡོངས་སུ་གང་བ་རྣམས་དང་། དངུལ་གྱི་སྣོད་གསེར་གྱི་ཕྱེམས་ཡོངས་སུ་ག
iiif viewer powered by OpenSeadragon
35b - 36b