e-texts navigator
Collection
Volume
Page
Wylie

34b1 རྣམས་ལས་རྣམ་པར་གྲོལ་བ་ན། གཙོ་བོ་མྱ་ངན་ལས་འདས་པ་འདི་བཟོད་ན། སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་བཞུགས་པའི་ཐོག་མར་མྱ་ངན་ལས་འདས་པ་ངོ་མཚར་ཅི་ཞིག་ཆེ།
34b2 གང་འདས་པའི་དུས་ན། དགེ་སློང་ཤཱ་རིའི་བུ་དང་། མོའུ་འགལ་གྱི་བུ་འདོད་ཆགས་དང་བཅས་པ། ཞེ་སྡང་དང་བཅས་པ། གཏི་མུག་དང་བཅས་པ། སྐྱེ་བ་དང་། རྒ་བ་དང་། ན་བ་དང་།
34b3 འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་དང་བཅས་པ་ན་ཡང་ང་ལ་གཅིག་པུ་སེམས་མངོན་པར་དད་པས་གཙོ་བོ་ཤི་བར་མཐོང་བ་མི་བཟོད་ནས
34b4 དུས་བྱེད་དེ། འདོད་པའི་ཁམས་ཐམས་ཅད་ལས་ཡང་དག་པར་འདས་ནས། ཚངས་པའི་འཇིག་རྟེན་དུ་སྐྱེས་པ་དེ་ཉོན་ཅིག། དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན། བྱང་ཕྱོགས་ན
34b5 རྒྱལ་པོའི་ཕོ་བྲང་རྡོ་བཟངས་ཞེས་བྱ་བ་འབྱོར་པ། རྒྱས་པ། བདེ་བ། ལོ་ལེགས་པ། མི་དང་སྐྱེ་བོའི་ཚོགས་མང་པོས་གང་བ། ཆུར་དཔག་ཚད་བཅུ་གཉིས། ཀུན་ནས་གྲུ་བཞི་པར་གྱུར
34b6 ཤིན་ཏུ་རྣམ་པར་འབྱེས་པ། རྟ་བབས་དང་། སྐར་ཁུང་དང་། སྐར་ཁུང་དྲ་བ་ཅན་མཐོན་པོ་དང་། རབ་ཏུ་ལྡན་པ་དང་། ཚོང་ཚོང་དང་། རིན་པོ་ཆེ་སྣ་ཚོགས་ཀྱིས་ཀུན་ཏུ་གང་བ
34b7 རྒྱལ་པོ་དང་། བློན་པོ་དང་།། ཁྱིམ་བདག་དང་། ཚོང་དཔོན་དང་། ཡུལ་འཁོར་གྱི་མི་རྣམས་ཀྱིས་ཡོངས་སུ་གང་བ། མི་རྣམས་གཞུང་ལུགས་ལ་གནས་པ། པི་ཝང་དང་། གླིང་དུ




iiif viewer powered by OpenSeadragon

34a - 35a

Texts on this page

S255 - zla 'od kyi rtogs pa brjod pa