| | e-texts navigator
|
31a1 འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། བསོད་ནམས་སྟོབས་ཀྱི
31a2 རྟོགས་པ་བརྗོད་པ་རྫོགས་སོ། ། ། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་དེ་ཙནྡས་བསྒྱུར་ཏེ་གཏན་ལ་ཕབ་པའོ།།
31a3 རྒྱ་གར་སྐད་དུ། སཱུ་ཀ་རི་ཀ་བ་དཱ་ན་ནཱ་མ་སཱུ་ཏྲ། བོད་སྐད་དུ། ཕག་མོའི་རྟོགས་པ་བརྗོད་པ་ཞེས་བྱ་བའི་མིདོ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།། འདི་སྐད
31a4 བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་ཀྱིས
31a5 དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ལྷའི་བུའི་འཆི་འཕོའི་ཆོས་ཀྱི་ལྔ་ལྟས་རྣམ་པ་ལྔ་འབྱུང་བར་འགྱུར་ཏེ། ལྔ་གང་ཞེ་ན། གོས་རྣམས་སྔོན་དྲི་མ་མི་ཆགས་པ་ལས་དྲི་མ་འཆགས
31a6 པབ་དང་། མེ་ཏོག་འཕྲེང་རྣམས་སྔོན་མི་རྙིས་པ་ལས་རྙིས་པ་དང་། མཚན་ཁུང་གཉིས་ནས་རྡུལ་འབྱུང་བ་དང་། ལུས་ལས་དྲི་མི་ཞིམ་པ་འབྱུང་བ་དང་། ལྷའི་བུའི་འཆི་འཕོའི་ཆོས་ནི་རང་གི
31a7 སྟན་ལ་དགའ་བ་མི་འཐོབ་པའོ། ། དགེ་སློང་དག་དེ་ནས་ལྷའི་བུ་ཞིག་འཆི་འཕོའི་ཆོས་ཀྱིས་ས་ལ་འགྲེ་ལྡོག་སྟེ་བྲང་རྡུང་ཞིང་དུལ་སྙིང་རྗེ་རྗེ་སྐད་དུ་སྨྲེ་སྔགས་འདོན་ཏེ། ཀྱི་ཧུད་དལ་གྱིས་འབབ
iiif viewer powered by OpenSeadragon
30b - 31b