| | e-texts navigator
|
29b1 བ་གྱུར་རོ། ནས་རྒྱལ་པོ་རྒྱལ་བ་པོས་ཆེ་བདི་ཉིད་ལ་བསོད་ན་མུ་དག་གི་རྣམ་པར་སྨིན་པའི་འབྲས་བུ་མ་ཆོས་ཏུ་ཡི་ཐོང་ན་དང་རྗེས་ཏེ། ཤས་ཆེར་བསོད་ནམས་ལ་བརྟེན་པར་གྱུར་ཏོ།། དེ་རྟེན་མི་འཆད་པར་ས
29b2 བྱིན་པ་དག་སྦྱིན་ཞིང་། བསོད་ནམས་དག་བྱེད་དེ། ཚུལ་ཁྲིམས་ཡང་དག་པར་བླངས་ནས་གནས་སོ།། བཙུན་མོའི་འཁོར་དང་། བློན་པོ་དང་། གྲོང་ཁྱེར་གྱི་མི་དང་། ཡུལ་གྱི་མི་དང
29b3 སྐྱེ་བོའི་ཚོགས་གཞན་དག་ཀྱང་བསོད་ནམས་དག་ལ་ཡང་དག་པར་བཙུད་དོ། ། ཕྱི་ཞིག་ན་རྒྱལ་པོ་རྒྱལ་བ་པོ་འཆི་བའི་ཆོས་དང་ལྡན་པར་གྱུར་ནས། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་དང་སྐལ
29b4 བ་མཉམ་པར་སྐྱེས་ཏེ། ལྷའི་རྒྱལ་པོ་དབང་བྱེད་ཀྱི་བུར་སྐྱེས་སོ།། དེ་སྐྱེས་པ་ནམ་མཁའ་ལས་ལྷའི་རིན་པོ་ཆེའི་ཆར་དང་། གོས་ཀྱི་ཆར་རྣམ་པར་མཛེས་པ་བབ་བོ།། དེའི་ལུས་ལས་ཀྱང་གང་གི
29b5 དབང་བྱེད་ཀྱི་ཕོ་བྲང་དེ་དག་ཐམས་ཅད་སྣང་བར་འགྱུར་བ་དང་། དབང་བྱེད་ཀྱི་ལྷ་གཞན་དག་གི་འོད་ཀྱང་འོད་མེད་པར་འགྱུར་བ་དེ་ལྟ་བུའི་འོད་བྱུང་བར་གྱུར་ཏོ།། དེའི་བསོད་ནམས་དག་གིས་འབྲས
29b6 བུ་རྣམ་པར་སྨིན་པ་ངོ་མཚར་རྨད་དུ་བྱུང་བ་དེ་མཐོང་ནས། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་མཆོག་ཏུ་ཡ་མཚན་དུ་གྱུར་ཏོ།། དགེ་སློང་དག་ཁྱེད་དེའི་ཚེ་དེའི་དུས་ན། རྒྱན་པོ་རྒྱལ་བ་པོར
29b7 གྱུར་པ་དེ་གཞན་ཞིག་ཡིན་སྙམ་དུ་འཛིན་ན། དེ་དེ་ལྟར་མི་བལྟའི། རྒྱལ་པོ་བསོད་ནམས་སྟོབས་དེ་ཉིད་དེའི་ཚེ་དེའི་དུས་ན་རྒྱན་པོ་པ་རྒྱལ་བ་པོར་གྱུར་ཏོ།། དམ་པའི་ཆོས་ཐོས་ནས་སེམས་དང
iiif viewer powered by OpenSeadragon
29a - 30a