| | e-texts navigator
|
254b1 བོ་ཆོས་ཀྱི་རྣམ་གྲངས་འདི་ཟུང་ཞིག། ཆོངས་ཤིག། ལྷོགས་ཤིག། ཀུན་ཆུབ་པར་གྱིས་ཤིག། གཞན་དག་ལའང་རྒྱ་ཆེར་ཡང་དག་པར་ཤོད་ཅིག། གསོལ་པ། བཅོམ་ལྡན་འདས
254b2 བདག་གིས་ཆོས་ཀྱི་རྣམ་གྲངས་འདི་བཟུང་ན། བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདིའི་མིང་ཅི་ལགས།། ཇི་ལྟར་གཟུང་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་བས་ན།
254b3 ཀུན་དགའ་བོ་ཆོས་ཀྱི་རྣམ་གྲངས་འདི་འཇམ་དཔལ་གཞོན་ནུར་གྱུར་པའི་བྱིན་གྱི་རླབས་རྣམ་པར་འཕྲུལ་པ་དང་། བདུད་དང་། ཕས་ཀྱི་རྒོལ་བ་ཐམས་ཅད་ཆོས་དང་ལྡན་པས་འཇོམས
254b4 ཤིང་ཚར་གཅོད་པ་དང་། དཀོན་མཆོག་འབྱུང་གནས་བསྟན་པ་དང་། དཀོན་མཆོག་གི་ཟ་མ་ཏོག་ཅེས་བྱ་བར་ཟུང་ཞིག། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང་། འཇམ
254b5 དཔལ་གཞོན་ནུར་གྱུར་པ་དང་། བྱང་ཆུབ་སེམས་དཔའ་རྒྱལ་བའི་བློ་གྲོས་དང་། ཚེ་དང་ལྡན་པ་ཀུན་དགའ་བོ་ཡང་ཡིད་དགའ་ཞིང་། བྱང་ཆུབ་སེམས་དཔའ་དེ་དག་དང་། ཉན་ཐོས
254b6 ཆེན་པོ་དེ་དག་དང་། ལྷ་དང་། མི་དང་། ལཱ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་མངོན་པར་དགའ་འོ།། དཀོན་མཆོག་གི་ཟམ
254b7 ཏོག་ཅེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ། ། ། ལོ་ཙ་བ་བནྡྷ་རིན་ཆེན་འཚོས་བསྒྱུར་ཅིང་ཞུས།། ། འཕགས་པ་ཚུལ་ཁྲིམས
iiif viewer powered by OpenSeadragon
254a - 255a