e-texts navigator
Collection
Volume
Page
Wylie

252b1 མེད་པ་ན། བསྐུལ་པ་རིན་པོ་ཆེ་གཅིག་བཀོད་པ་ཞེ་བྱ་བ་ལ། འཇིག་རྟེན་གྱི་ཁམས་བལྟ་ན་སྡུག་པ་ཞེས་བྱ་བར། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས
252b2 ཡེ་ཤེས་ཕུང་པོ་ཞེས་བྱ་བ་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་ཞིང་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ་སངས
252b3 རྒྱས་བཅོམ་ལྡན་འདས་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། ། ཀུན་དགའ་བོ་འཇིག་རྟེན་གྱི་ཁམས་བལྟ་ན་སྡུག་པོ་དེ་ལོངས་སྤྱོད་ནི་ལྷ་གཞན་འཕྲུལ་དབང་བྱེད་དང་འདྲ་བར་འགྱུར་རོ།། སེམས་ཅན
252b4 དེ་དག་གི་མདུན་དུ་ཡུལ་དྲུག་ལས་ཡིད་དུ་མི་འོང་བའི་ཆོས་གང་ཡང་འབྱུང་བར་མི་འགྱུར་རོ། ། སེམས་ཅན་དེ་དག་ཐམས་ཅད་གཅིག་གིས་གཅིག་མཐོང་ན་དགའ་བ་དང་ཡིད་བདེ་བ་སྐྱེ་བར་འགྱུར
252b5 རོ། སེམས་ཅན་དེ་དག་ཐམས་ཅད་རྨི་ལམ་དུ་ཡང་དེ་བཞིན་གཤེགས་པ་ཡེ་ཤེས་ཕུང་པོ་དེ་མཐོང་ཞིང་། དེ་དག་སངས་རྒྱས་རྗེས་སུ་དྲན་པ་དང་མོ་འབྲལ་བར་འགྱུར་ཏེ། དེ་བས་ན་འཇིག
252b6 རྟེན་གྱི་ཁམས་དེ་བལྟ་ན་སྡུག་པ་ཞེས་བྱའོ། ། བསྐལ་པ་དེ་ལ་དེ་བཞིན་གཤེགས་པ་དེ་གཅིག་པུ་འབྱུང་ཞིང་། དེ་བཞིན་གཤེགས་པའི་ཚེ་ཚད་ཀྱང་བསྐལ་པར་ཐུབ་པར་འགྱུར་ཏེ། དེ་བས
252b7 ན་བསྐལ་པ་དེའང་རིན་པོ་གཅིག་བཀོད་པ་ཞེས་བྱ་བར་འགྱུར་རོ། ། བཅོམ་ལྡན་འདས་དེའི་འཁོར་བྱང་ཆུབ་སེམས་དཔའི་དགེ་འདུན་འབའ་ཞིག་སྟེ། བྱང་ཆུབ་སེམས་དཔའ་བྱེ་བ་ཕྲག་དགུ




iiif viewer powered by OpenSeadragon

252a - 253a

Texts on this page

S263 - 'phags pa dkon mchog gi za ma tog ces bya ba theg pa chen po'i mdo