e-texts navigator
Collection
Volume
Page
Wylie

252a1 ལྡན་འདས་ཀྱིས། ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ཀུན་དགའ་བོ་རིགས་ཀྱི་བུ་རྒྱལ་བའི་བློ་གྲོས་ཞེས་བྱ་བ་བཟོད་པ་ཐོབ་པ་སྟེང་གི་བར་སྣང
252a2 ལ་ཏ་ལ་བདུན་ཙམ་འདུག་སྟེ། ཐལ་མོ་སྦྱར་ནས་ང་ལ་ཕྱག་འཚལ་བ་ལྷ་བརྒྱ་སྟོང་དག་གིས་མཆོད་པ་བྱས་པ་འདི་ཁྱོད་ཀྱིས་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་མཐོང་ངོ་།། བཅོམ
252a3 ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་རིགས་ཀྱི་བུ་རྒྱལ་བའི་བློ་གྲོས་འདྲི་འཁོར་ལོ་སྒྱུར་བའི་རྒྱལ་པོར་གྱུར་པ་ན། སངས་རྒྱས་བྱེ་བ་ཕྲག་བདུན་ཅུ་རྩ་གཉིས་ལས་དགེ་བའི་རྩ་བ
252a4 བསྐྱེད་དེ། སངས་རྒྱས་བཅོམ་ལྡན་འདས་དེ་དག་ཐམས་ཅད་བཞུགས་པ་དང་། ཡོངས་སུ་མྱ་ངན་ལས་འདས་པ་ལ་ཡང་མཆོད་དོ།། སངས་རྒྱས་བྱེ་བ་ཕྲག་བདུན་ཅུ་རྩ་གཉིས་ལས་ཚངས་པར
252a5 སྤྱོད་པར་སྤྱད་དོ། ། ཐམས་ཅད་དུ་ཡང་དམ་པའི་ཆོས་ཡོངས་སུ་བཟུང་ངོ་།། ཀུན་དགའ་བོ་རིགས་ཀྱི་བུ་རྒྱལ་བའི་བློ་གྲོས་འདི་དེ་ཕྱིན་ཆད་ཀྱང་དེ་བཞིན་གཤེགས་པ་བགྲང་བ་ལས་འདས་པ
252a6 རྣམས་མཉེས་པར་བྱེད་པར་འགྱུར། གུས་པར་བྱེད་པར་འགྱུར། བླ་མར་བྱེད་པར་འགྱུར། ཕུད་དུད་དུ་བྱེད་པར་འགྱུར། མཆོད་པ་བྱེད་པར་འགྱུར། ཚངས་པར་སྤྱད་པ་ལ་ཡང་སྤྱོད་པར
252a7 འགྱུར། སེམས་ཅན་ཚད་མེད་གྲངས་མེད་པ་དག་ཀྱང་བྱང་ཆུབ་ཏུ་ཡོངས་སུ་སྨིན་པར་བྱེད་པར་འགྱུར་རོ།། དེ་ཕྱི་མའི་དུས་ན་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་བསགས་ནས། བསྐལ་པ་གྲངས




iiif viewer powered by OpenSeadragon

251b - 252b

Texts on this page

S263 - 'phags pa dkon mchog gi za ma tog ces bya ba theg pa chen po'i mdo