e-texts navigator
Collection
Volume
Page
Wylie

251a1 དང་དཀར་པོ་དང་། ལེ་བརྒན་དང་། ཤེལ་གྱི་ཁ་དོག་དང་། དངུལ་གྱི་ཁ་དོག་དག་བྱུང་སྟེ། དེས་འཇིག་རྟེན་གྱི་ཁམས་མཐའ་དང་མུ་མེད་པ་དག་སྣང་བས
251a2 ཁྱབ་པར་བྱས་ནས། ཚངས་པའི་འཇིག་རྟེན་མན་ཆད་དུ་མངོན་པར་བྱུང་ཞིང་། ཉི་མ་དང་ཟླ་བའི་འོད་ཀྱང་ཟིལ་གྱིས་མནན་ནས་སླར་ལོག་སྟེ། བཅོམ་ལྡན་འདས་ལ་ལན་གསུམ་དུ་བསྐོར་བ་བྱས
251a3 ནས་བཅོམ་ལྡན་འདས་ཀྱི་དབུའི་གཙུག་ཏུ་ནུབ་བོ། ། དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ལ་གཟར་ནས། པུས་མོ་གཡས་པའི་ལྷ་ང་ས་ལ
251a4 བཙུགས་ཏེ། བཅོམ་ལྡན་འདས་གལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པའི་དབྱངས་ཀྱིས་འཛུམ་པའི་དོན་ཡོངས་སུ་ནུས་སོ།། བསོད་ནམ།
251a5 ཡེ་ཤེས་སྟོབས་དཔལ་དཔེ་མེད་འདོམ་གང་འོད་ཀྱིས་བརྒྱན།། མཚན་མཆོག་སུམ་ཅུ་རྩ་གཉིས་བརྒྱན་ཅིང་དཔེ་བྱང་དག་གིས་སྤྲས།། སེང་གེ་དང་མཆོག་འགྱིང་འགྲོ་ལྟར་ནི་བརྩོན་འགྲུས
251a6 སྟོབས་ཀྱིས་བྱུང་། ། ཅི་སླད་འཛུམ་མཛད་དེ་ནི་བཅོམ་ལྡན་འདས་ཀྱིས་བསྟན་པར་གསོལ།། ཐུབ་པ་དབྱར་གྱི་སྤྲིན་དང་རྔ་སྒྲ་སེང་གེའི་སྒྲ་བས་ལྷག། ཀ་ལ་བིངྐའི་སྒྲ་དང་དྲིལ་སྒྲ་ཚངས་པའི་སྒྲ་བས
251a7 ལྷག་ལྷ་འམ་དེ་བཞིན་མི་ཡི་སྒྲ་གང་སྟོང་གསུམ་དག་ན་སྙན། དེ་ཀུན་ཆར་ཡང་མི་འགྲོ་བཅོམ་ལྡན་ཐུབ་པའི་གསུང་མཆོག་གོ།། དགྲ་བཅོམ་མཆོག་རབ་རང་རྒྱལ་ཡང་དག་བྱང་ཆུབ་སེཾས




iiif viewer powered by OpenSeadragon

250b - 251b

Texts on this page

S263 - 'phags pa dkon mchog gi za ma tog ces bya ba theg pa chen po'i mdo