| | e-texts navigator
|
250b1 རྫོགས་པའོ། ། བག་ཡོད་པ་ནི་གང་ཉེ་བར་ཞི་བའི་རྣམ་པར་གྲོལ་བས་རྣམ་པར་གྲོལ་བའོ།། རིགས་ཀྱི་བུ་མདོར་ན་བྱང་ཆུབ་སེམས་དཔའི་ཐབས་ལ་མཁས་པའི་ལས་ཇི་སྙེད་པ་དེ་དག་ཐམས་ཅད
250b2 བརྩོན་འགྲུས་དང་ལྡན་པར་བལྟའོ། ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལས་ཇི་སྙེད་པ་དེ་དག་ཐམས་ཅད་ན་བག་ཡོད་པ་དང་ལྡན་པར་ལྟ་སྟེ། དེ་བས་ན་ཐབས་དང་ཤེས་རབ་ཀྱིས་ཡོངས་སུ་ཟིན་པའི
250b3 བྱང་ཆུབ་སེམས་དཔའ་ལ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་ལྡོག་པའི་འཇིགས་པ་ཅུང་ཟད་ཀྱང་མེད་དོ་ཞེས་བྱའོ། ། བསྟན་པ་འདི་བསྟན་པའི་ཚེ། ཀུན་ཏུ་རྒྱུ་རྒྱལ
250b4 བའི་བློ་གྲོས་ཀྱིས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏོ། ། དེ་སེམས་དགའ་བ་དང་། མགུ་བ་དང་། རངས་པ་དེ་ཉིད་ཀྱིས། དེ་ཤིང་ཏ་ལ་བདུན་ཙམ་དུ་སྟེང་གི་བར་སྣང་ལ་མངོན་པར
250b5 འཕགས་པར་གྱུར་ཏོ། ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཡང་རྣམ་པ་དྲུག་ཏུ་གཡོས་སོ།། སྣང་བ་ཆེན་པོས་ཀྱང་འཇིག་རྟེན་ཁྱབ་པར་གྱུར་ཏོ།། སྟེང་གི་བར་སྣང་ལ
250b6 མེ་ཏོག་གི་ཆར་ཆེན་པོ་ཡང་མངོན་པར་བབ་བོ། ། རོལ་མོ་འདུས་པའི་སྒྲ་ཡང་བྱུང་བར་གྱུར་ཏོ།། དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་འཛུམ་པ་མཛད་དེ། སངས་རྒྱས་བཅོམ་ལྡན་འ
250b7 རྣམས་ཀྱི་ཆོས་ཉིད་ཀྱིས། ནམ་འཛུམ་པ་མཛད་པ་དེའི་ཚེ། བཅོམ་ལྡན་འདས་ཀྱི་ཞལ་གྱི་སྒོ་ནས་འོད་ཟེར་ཁ་དོག་དུ་མ་སྣ་ཚོགས་འདི་ལྟ་སྟེ། སྔོན་པོ་དང་། སེར་པོ་དང་། དམར་པོ
iiif viewer powered by OpenSeadragon
250a - 251a