| | e-texts navigator
|
9a1 མོ་དེས་དེ་ལྟ་བུའི་སེམས་བསྐྱེད་མ་ཐག་ཏུ། དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པའི་བྱིན་གྱི་རླབས་ཀྱིས།། རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུས་བདག་ཉིད་མིའི་གཟུགས་སུ
9a2 མངོན་པར་སྤྲུལ་ནས། བུ་མོ་དེ་ལ་འདི་སྐད་ཅེས་སྨྲས་སོ།། བུ་མོ་ཁྱོད་སྐྱེས་བུ་དམ་པ་འདི་ལ་ཀུན་ཏུ་ཆགས་པའི་སེམས་མ་སྐྱེད་ཅིག། དེ་ཅིའི་ཕྱིར་ཞེ་ན། འདི་ནི་འདོད་པ་དོན་དུ་གཉེར་བ་མ་ཡིན
9a3 པའི་ཕྱིར་རོ། ། བུ་མོས་སྨྲས་པ། འདི་སུ་ཞིག་ཡིན་ན། འདིའི་མིང་ཙ། རྣམ་ཐོས་ཀྱི་བུས་སྨྲས་པ། འདི་ནི་བྱང་ཆུབ་སེམས་དཔའ་སྟེ། འཇམ་དཔལ་གཞོན་ནུར་གྱུར་པ་ཞེས་བྱའོ།། བུ་མོས
9a4 སྨྲས་པ། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་དེ་ཅི་ཞིག་ཡིན། དེ་ཅི་ལྷ་འམ། འོན་ཏེ་ཀླུ་འམ། གནོད་སྦྱིན་ནམ། དྲི་ཟའམ། ལྷ་མ་ཡིན་ནམ། ནམ་མཁའ་ལྡང་ངམ། མི་འམ་ཅི་འམ། ལྟོ་འཕྱེ
9a5 ཆེན་པོ་འམ། བརྒྱ་བྱིན་ནམ། ཚངས་པ་འམ། འཇིག་རྟེན་སྐྱོང་བ་འམ། རྒྱལ་པོ་ཆེན་པོ་འམ། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་དེ་ཅི་ཞིག་ཡིན། རྣམ་ཐོས་ཀྱི་བུས་སྨྲས་པ། བུ་མོ་བྱང་ཆུབ
9a6 སེམས་དཔའ་ཞེས་བྱ་བ་དེ་ནི། ལྷ་ཡང་མ་ཡིན། ཀླུ་ཡང་མ་ཡིན། གནོད་སྦྱིན་ཡང་མ་ཡིན། དྲི་ཟ་ཡང་མ་ཡིན། ལྷ་མ་ཡིན་ཡང་མ་ཡིན། ནམ་མངའ་ལྡིང་ཡང་མ་ཡིན། མི་འམ་ཅི་ཡང་མ་ཡིན
9a7 ལྟོ་འཕྱེ་ཆེན་པོ་ཡང་མ་ཡིན། བརྒྱ་བྱིན་ཡང་མ་ཡིན། ཚངས་པ་ཡང་མ་ཡིན།། འཇིག་རྟེན་སྐྱོང་བ་ཡང་མ་ཡིན། རྒྱལ་པོ་ཆེན་པོ་ཡང་མ་ཡིན་ཏེ། བུ་མོ་དེ་ནི་སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཀུན
iiif viewer powered by OpenSeadragon
8b - 9b